《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月05日

མཚོ་གཉིས་རྫོང་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱིས་མེ་གསོད་རོགས་སྐྱོབ་ཀྱི་དངོས་འཐབ་ཕྱིར་ཁྲིད་ནང་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་མཚོ་གཉིས་ནས་གློག་འཕྲིན་འབྱོར་གསལ། ས་མཐོའི་མེ་སྐྱོན་འཕྲལ་སྡོམ་ཐག་གཅོད་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། ཉེ་ཆར། མཚོ་གཉིས་རྫོང་མེ་གསོད་རོགས་སྐྱོབ་རུ་ཆེན་གྱིས་བྱང་ཐང་ཚན་རིག་རྟོག་ཞིབ་འགན་སྲུང་རྟེན་གཞིར་མེ་གསོད་རོགས་སྐྱོབ་ཀྱི་དངོས་འཐབ་ཕྱིར་ཁྲིད་ནང་སྦྱོང་བྱས་པ་རེད།

ནང་སྦྱོང་བྱ་ཡུལ་དུ་བཀོད་འདོམས་པས་ཚན་རིག་རྟོག་ཞིབ་རྟེན་གཞིའི་སྒོ་སྡོམ་རང་བཞིན་ཆེ་བ་དང་དངོས་ཟོག་གཅིག་སྡུད་ཀྱི་མེ་སྐྱོན་ཉེན་ཁར་དམིགས་ནས་མེ་གསོད་ཐབས་དང་། རླངས་འཁོར་འཇོག་པའི་ཇུས་གཞི། དེ་བཞིན་ཆུ་མཁོ་འདོན་ཐབས་ཇུས་བཅས་གསལ་འགྲེལ་ཞིབ་ཕྲ་བྱས་པ་མ་ཟད། ཚོགས་ཆུང་ཁག་གི་ལས་འགན་ལས་བགོས་ཁ་གསལ་བཟོས་ཡོད། དེ་དང་ཆབས་ཅིག་རྟེན་གཞིའི་ལས་དོན་པར་དམར་ཁྲིད་བྱས་ནས་མེ་སྐྱོན་གྱི་གནས་ཚུལ་ཤེས་མ་ཐག་གོང་ཞུ་བྱེད་པ་ནས་དུས་འགོའི་མེ་སྐྱོན་སེལ་བའི་བར་ལས་མི་ཡོངས་ཀྱི་འཕྲལ་སྡོམ་ནུས་པ་ཕྱོགས་ཡོངས་ནས་ཆེ་རུ་བཏང་སྟེ་ནང་སྦྱོང་གཅིག་ལ་གཅིག་འབྲེལ་དང་ཕན་འབྲས་ཆེ་ཞིང་གོ་རིམ་ལྡན་པ་ཡོང་བའི་འགན་ལེན་བྱས་པ་རེད།

ནང་སྦྱོང་གི་བརྒྱུད་རིམ་ཧྲིལ་པོར་ལས་མི་ཚང་མས“ཚན་རིག་དང་མཐུན་པའི་བཅོས་སྐྱོབ་དང་། བདེ་འཇགས་ཨང་དང་པོར་འཇོག་པའི”རྩ་དོན་ལ་ནན་པོར་གཞིགས་ནས་གསོ་རླུང་མི་འདང་བ་དང་དྲོད་ཚད་དམའ་བའི་ཁོར་ཡུག་འོག་གཞོགས་འདེགས་དམ་ཟབ་བྱས་ནས་ལྷུ་ཚིགས་ཁག་གི་ལས་འགན་ལེགས་སྒྲུབ་བདེ་བླག་བྱས་ཡོད། ད་ཐེངས་ཀྱི་ནང་སྦྱོང་བྱས་པ་བརྒྱུད་ས་མཐོའི་མེ་ཟོན་རོགས་སྐྱོབ་ཀྱི་དངོས་འཐབ་ནུས་པར་ཞིབ་དཔྱད་ཐུབ་པ་མ་ཟད། སྡེ་ཚན་མང་པོའི་མཉམ་འགུལ་ལམ་སྲོལ་ལ་དེ་བས་ཤུགས་སྣོན་ཐེབས་ནས་མཚོ་གཉིས་རྫོང་མི་དམངས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་བ་དང་ས་གནས་ཀྱི་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་བྱེད་པར་རྩ་ཆེའི་ཉམས་མྱོང་བསགས་ཡོད་པ་རེད།

(ཚེ་ལྷ་དང་པ་ཚེས་སྒྱུར་ཞུས་བྱས)