《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年08月05日

ཁང་དམར་རྫོང་སྤྱི་བདེ་ཅུས་ཀྱིས།

འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་དང་སྦག་ཞྭ་སྤྲོད་པའི་མཛད་སྒོ་འཚོགས་པ།

འདི་ག་ཚགས་པར་ཁང་དུ་ཁང་དམར་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ར་མོ་ཆེ་གྲོང་ཚོར་བཅའ་སྡོད་གཞིས་རྩེ་གྲོང་ཁྱེར་ཁང་དམར་རྫོང་སྤྱི་བདེ་ཅུས་ཉེན་རྟོག་ལས་དོན་ཁང་གིས་སྤྱི་བདེ་ཅུས་འགྲིམ་འགྲུལ་དོ་དམ་རུ་ཆེན་དང་མཉམ་དུ་འགྲིམ་འགྲུལ་བདེ་འཇགས་ཀྱི་དྲིལ་བསྒྲགས་དང“གཅེས་སེམས་སྦག་ཞྭ”སྤྲོད་པའི་མཛད་སྒོ་འཚོགས་ནས་འགྲིམ་འགྲུལ་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་བསྐྲུན་པ་རེད།

བྱེད་སྒོའི་ནང་། མི་དམངས་ཉེན་རྟོག་པས་གྲ་སྒྲིག་བྱས་པའི་བདེ་འཇགས་སྦག་ཞྭ་མང་ཚོགས་ལ་རེ་རེ་བཞིན་སྤྲད་པ་མ་ཟད། ས་ཡུལ་དངོས་སུ་བདེ་འཇགས་སྦག་ཞྭའི་ཡང་དག་པའི་གྱོན་སྟངས་ཀྱང་དཔེ་སྟོན་བྱས་ནས་སྦག་ཞྭས་སྲུང་སྐྱོང་གང་ལེགས་ཐུབ་པར་བྱས་ཡོད།

(གནམ་ཕྱུག་རྒྱལ་གྱིས་བསྒྱུར། བསྟན་འཛིན་བཟང་མོས་ཞུས)