《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月22日

པར་རིས་གསར་འགྱུར།

སྨན་བཅོས་འགན་བཅོལ་ཐེབས་རྩ་བེད་སྤྱོད་ལ་རྒྱུན་རྣམ་ཅན་གྱི་ལྟ་འདོམས་སྔར་བས་བྱེད་པ་དང་། ཐེབས་རྩའི་ལྟ་འདོམས་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ། དམ་ནན་དང་ནུས་ལྡན་གྱི་ཐེབས་རྩའི་ལྟ་འདོམས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞིའི་རང་ངོས་དོ་དམ་བྱེད་པོའི་འགན་འཁྲི་ཇེ་ཆེར་གཏོང་བ། སྨན་རྫས་ལོག་ཚོང་དང་བརྗེ་པོ་བརྒྱབ་ནས་སྨན་བཅོས་འགན་བཅོལ་ཐེབས་རྩ་གཡོ་ལེན་བྱེད་པའི་བྱེད་སྤྱོད་ཀྱི་བར་སྟོང་མུ་མཐུད་ཇེ་ཆུང་དུ་གཏོང་བ་བཅས་བྱ་ཆེད། ལྷ་ས་གྲོང་ཁྱེར་སྨན་བཅོས་འགན་སྲུང་ཅུས་ཀྱིས་2024ལོའི་ཟླ་9པར་གྲོང་ཁྱེར་ཡོངས་ཀྱི་གནས་གཏན་འཁེལ་གྱི་སྨན་རྫས་སྒྲིག་གཞིའི་ཁྱབ་ཁོངས་སུ། སྨན་རྫས་ཟད་གྲོན་རྒྱུ་ཆའི་ཁུངས་འདེད་ཨང་རྟགས་ཀྱི་ཆ་འཕྲིན་འཚོལ་བསྡུའི་ལས་དོན་མགྱོགས་པོ་སྤེལ་བ་རེད། འདི་ནི་གྲོང་མིས་སྨན་རྫས་ཉོ་བཞིན་པ།