《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月15日

གཏན་འབེབས་གསར་པ་ལག་ལེན་བསྟར་བ།

ཉེ་ཆར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་ཀྱིས་ཕྱི་ཕྱོགས་ལ《ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཐོ་འགོད་དོ་དམ་གཏན་འབེབས》ཁྱབ་བསྒྲགས་བྱས་པ་དང་། གཏན་འབེབས་དེ་ཟླ་7ཚེས་15ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད། དེ་ལས་ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཐོ་འགོད་དོ་དམ་སྔར་བས་ཚད་ལྡན་དུ་ཕྱིན་པ་དང་། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱེད་པ། ཁེར་རྐྱང་བཟོ་ཚོང་དུད་ཚང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱེད་ཐུབ།