འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་གྲོང་བྱང་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ལམ་མདོར་འགྲིམ་འགྲུལ་འགྲོ་ལམ་གཤོང་སྐབས། དཔང་ཡིག་དང་དངུལ་ཁུག་སོགས་བླུགས་པའི་ལྟོ་ཕད་ཅིག་རྙེད། ལས་སྒྲུབ་ཉེན་རྟོག་པས་འཕྲལ་མར་དོ་བདག་འཚོལ་ཀྱང་མ་རྙེད་སྟབས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ལས་དོན་པའི་སར་གནས་སྐབས་བཞག་ནས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱིས་རླུང་འཕྲིན་སོགས་བརྒྱུད་ནས་དོ་བདག་དང་འབྲེལ་བ་གང་མགྱོཌ་བྱེད་རོགས་ཞུས་པ་རེད།
གསར་འགོད་པར་ཤེས་རྟོགས་བྱུང་བར། རྩད་གཅོད་བྱས་པ་བརྒྱུད་ལྟོ་ཕད་དེ་པེ་ཅིང་ནས་ཡོང་བའི་ཡུལ་སྐོར་བ་ཞིག་གི་ཡིན་ཞིང་། ལྷ་ས་ནས་ཉིང་ཁྲིར་འགྲོ་མཁན་གྱི་རླངས་འཁོར་སྒུག་སྐབས་བོར་བརླགས་སོང་བ་རེད། ལྟོ་ཕད་དོ་བདག་གི་ལག་ཏུ་སྤྲོད་སྐབས“ལྟོ་ཕད་འདི་ནི་ང་ཚོར་ཁ་ཚ་དགོས་གཏུགས་ཤིག་ཡིན”ཞེས་དོ་བདག་གིས་འགྲིམ་འགྲུལ་ཉེན་རྟོག་པར་ཐུགས་རྗེ་ཆེ་ཡང་ཡང་ཞུས་པ་རེད།