《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月15日

《ཆོས་ལུགས་ལས་དོན་སྲོལ་ཡིག》ལག་བསྟར་བྱས་ནས་ལོ་ཉི་ཤུ་སོང་བ།

བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་ལ་འཕེལ་རྒྱས་མགྱོགས་པོ་འགྲོ་བར་སྐུལ་འདེད་བཏང་བ།

བསམ་ཡས་དགོན་ནི་སྤྱི་ལོའི་དུས་རབས་བརྒྱད་པའི་བཙན་པོའི་རྒྱལ་རབས་སྐབས་ཕྱག་བཏབ་ཅིང་། དགོན་དེ་ནས་བོད་ཀྱི་དགེ་འདུན་གྱི་སྡེ་ཐོག་མར་བྱུང་། (ཡོངས་ཁུངས་དྲ་བ)

སྤེན་པ་ལྷ་མོ།

(འདོན་ཐེངས་གོང་མར་མཐུད)

གཉིས། ས་གནས་ཀྱི་ཁྲིམས་འཛུཌ་འཐུས་སྒོ་ཚང་དུ་བཏང་ནས་ཁྲིམས་སྐྱོང་ལག་བྱེད་ཟབ་ཏུ་བཏང་བ།

བོད་རང་སྐྱོང་ལྗོངས་ཀྱིས་རང་ངོས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། ས་གནས་ཀྱི་ཆོས་ལུགས་ཁྲིམས་འཛུགས་ལས་དོན་ཧུར་ཐག་སྤེལ་བ་དང་། དམིགས་སའི་རང་བཞིན་ཆེ་ཙམ་གྱི་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རབ་དང་རིམ་པ་བཏོན་ནས《ཆོས་ལུགས་ལས་དོན་སྲོལ་ཡིག》ལ་ཁ་གསབ་ནུས་ལྡན་དང་འཐུས་སྒོ་ཚང་དུ་བཏང་ཡོད།

དེའི་ནང་། 《བོད་རང་སྐྱོང་ལྗོངས་ཀྱི〈ཆོས་ལུགས་ལས་དོན་སྲོལ་ཡིག〉ལག་བསྟར་བྱ་ཐབས》ནི་བོད་ལྗོངས་ས་གནས་ཀྱི་ཆོས་ལུགས་ཁྲིམས་འཛུགས་ཀྱི་འགག་རྩའི་གྲུབ་འབྲས་ཤིག་ཡིན་ཞིང་། བྱ་ཐབས་དེས《ཆོས་ལུགས་ལས་དོན་སྲོལ་ཡིག》གི་འབྲེལ་ཡོད་གཏན་འབེབས་ཞིབ་ཚགས་སུ་བཏང་སྟེ། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་འཛུགས་པའི་ཆ་རྐྱེན་དང་རྒྱུན་ལྡན་གྱི་དོ་དམ་བླང་བྱ་སྔར་བས་ཁ་གསལ་བཟོས་པ་དང་ཆབས་ཅིག བོད་བརྒྱུད་ནང་བསྟན་གྱི་ཐུན་མོང་མ་ཡིན་པའི་རིག་གནས་དང་ལོ་རྒྱུས་ཀྱི་རྒྱབ་ལྗོངས་ལ་བསམ་གཞིག་གང་ལེགས་བྱས་ནས་དམིགས་སའི་རང་བཞིན་ལྡན་པའི་དོ་དམ་བྱ་ཐབས་བཟོས་པས། ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་དོ་དམ་གྱི་ཚད་ལྡན་རང་བཞིན་དང་བདེ་འཇགས་རང་བཞིན་འགན་ལེན་ནུས་ལྡན་ཐུབ་སྟེ། བོད་ཀྱི་ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་གྱི་འཕེལ་རིམ་ཁྲོད་ཀྱི་རྨང་རྡོ་གལ་ཆེན་ཞིག་ལ་གྱུར་ཡོད།

དེའི་རྨང་གཞིའི་ཐོག་བོད་རང་སྐྱོང་ལྗོངས་ཀྱིས་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱི་དམིགས་བསལ་རང་བཞིན་ལ་སྔར་བས་དམིགས་ནས《བོད་རང་སྐྱོང་ལྗོངས་ཀྱི་ཆོས་ལུགས་བྱེད་སྒོ་ཆེ་གྲས་ཀྱི་དོ་དམ་བྱ་ཐབས》བཏོན་ཞིང་། བྱ་ཐབས་དེས་གསར་བཟོ་རང་བཞིན་གྱི་ཁྲིམས་འཛུགས་བྱེད་སྟངས་ལ་བརྟེན་ནས་འགག་རྩའི་ཕྱོགས་གསུམ་གྱི་ཐོག་ནས་ཆོས་ལུགས་བྱེད་སྒོ་ཆེ་གྲས་ལ་དོ་དམ་གྱི་བླང་བྱ་ནན་པོ་བཏོན་པ་སྟེ། གཅིག་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་གྲས་སྤེལ་བའི་ཞིབ་མཆན་གྱི་བླང་བྱ་ཡིན་ཞིང་། གཞི་ཁྱོན་ངེས་ཅན་གྱི་དད་ལྡན་མང་ཚོགས་ཞུགས་པའི་རྒྱུན་སྲོལ་ཆོས་ལུགས་བྱེད་སྒོ་སྤེལ་སྐབས་ངེས་པར་དུ་སྔོན་ལ་འབྲེལ་ཡོད་སྡེ་ཚན་ལ་སྙན་སེང་ཞུ་དགོས་པ་མ་ཟད། ཞིབ་བཤེར་ནན་པོ་བྱས་ནས་ཆོག་མཆན་ཐོབ་རྗེས་གཞི་ནས་སྤེལ་ཆོག གཉིས་ནས་ཆོས་ལུགས་ཀྱི་བྱེད་སྒོ་ཆེ་གྲས་ལ་རྩ་དོན་ཐོག་རྫོང་དེའི་ཁྱབ་ཁོངས་ཀྱི་མི་སྣ་ཁོ་ན་ལས་ཞུགས་མི་ཆོག་པ་དང་། ཞུགས་མཁན་རྫོང་དེའི་ཁྱབ་ཁོངས་ལས་བརྒལ་རིགས་ས་ཁུལ(གྲོང་ཁྱེར)གྱི་འབྲེལ་ཡོད་སྡེ་ཚན་གྱིས་བདེ་འཇགས་དོ་དམ་བྱེད་འགན་འཁུར་དགོས། གསུམ་ནས་རྒྱུན་སྲོལ་མེད་པའི་ཆོས་ལུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་མི་ཆོག་པ་དང་། ལོ་རྒྱུས་ཐོག་སྤེལ་མྱོང་ཡང་ད་ལྟ་རང་ཤུགས་སུ་མཚམས་བཞག་པའམ་ཡང་ན་བཀག་སྡོམ་བྱས་པའི་ཆོས་ལུགས་བྱེད་སྒོ་སླར་གསོ་བྱེད་མི་ཆོག

ཁྲིམས་འཛུགས་འཐུས་སྒོ་ཚང་དུ་གཏོང་བ་དང་ཆབས་ཅིག བོད་རང་སྐྱོང་ལྗོངས་ཀྱིས་ས་གནས་ཀྱི་ཁྲིམས་འཛུགས་ལག་བསྟར་དོན་འཁྱོལ་བྱེད་རྒྱུ་དེ་ཐོག་མཐའ་བར་གསུམ་དུ་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩིས་ལ། ཆོས་ལུགས་ལས་དོན་དོ་དམ་ཁྲིམས་སྐྱོང་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་རྙོག་འཛིང་རང་བཞིན་དང་སྣ་མང་རང་བཞིན་གྱི་མདུན་དུ་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་དུས་བཀག་མཉམ་འབྲེལ་གྲོས་ཚོགས་ལམ་ལུགས་ལ་བརྟེན་པའི་ཕྱོགས་མང་མཐུན་སྦྱོར་བཅོས་སྐྱོང་ལམ་སྲོལ་བཙུགས་ཤིང་། ལམ་སྲོལ་དེས་ཆོས་ལུགས་དང་། རིག་གནས། དྲིལ་བསྒྲགས། སྤྱི་བདེ་སོགས་སྡེ་ཚན་མང་པོའི་ཐོན་ཁུངས་བསྡུ་སྒྲིལ་བྱས་ཏེ་ཆ་འཕྲིན་སྤེལ་རེས་ཀྱི་ཆེད་དམིགས་ལས་སྟེགས་འཛུགས་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་མཉམ་འབྲེལ་བྱ་སྤྱོད་སོགས་ཀྱི་བྱ་ཐབས་བརྒྱུད་ཆོས་ལུགས་ཁྱབ་ཁོངས་ཀྱི་མངོན་མེད་རྐྱེན་ངན་སྔོན་ཚུད་ནས་ཞིབ་འཇུག་དང་བརྡར་གཅོད། སྒྲིག་འགལ་བྱེད་སྤྱོད་ཁྲིམས་བཞིན་ཐག་གཅོད་བཅས་བྱས་ཏེ། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་ནུས་ལྡན་བཏང་ཡོད།

བོད་རང་སྐྱོང་ལྗོངས་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་རབ་དང་རིམ་པ་བཟོས་པ་དང་ལག་ལེན་བསྟར་བ་བརྒྱུད། ཆོས་ལུགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་མ་ལག་རྒྱུན་མཐུད་འཐུས་སྒོ་ཚང་དུ་བཏང་ནས། བོད་བརྒྱུད་ནང་བསྟན་སྐྱོན་བྲལ་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་རྨང་གཞི་བརྟན་པོ་བཏིང་ཡོད།

(མུ་མཐུད་འགོད་རྒྱུ)

(ཡོང་ཁུངས། ཀྲུང་གོ་ཆོས་ལུགས་དུས་དེབ་ཁང)