དབྱར་ཟླ་དྲུག་པར་ཡང་རུས་པར་ན་ཟུག་གཏོང་བའི་གྲང་རླུང་འུར་འུར་དུ་ལྡང་།
ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་ཉེན་རྟོག་པ་དབྱངས་ཅན་དང་ཚེ་དབང་ཆོས་སྒྲོན་གཉིས་རྒན་མོ་པད་མ་བདེ་ཆེན་གྱི་ཁྱིམ་དུ་འཚམས་འདྲིར་འགྲོ་སྐབས། རྒན་མོས་རྩ་ཆེ་བའི་དངོས་པོ་ཞིག་ཉར་ཚགས་བྱས་པ་ཤེས་རྟོགས་བྱུང་བ་སྟེ། 2006ལོར་ཕག་རི་མཐའ་སྲུང་མངགས་གཏོང་ཁང་གིས་སྤྲད་པའི“ཉེན་རྟོག་པའི་སྤྱོད་ཚུལ་ལ་ལྟ་སྐུལ་བྱེད་པའི”གདན་ཞུའི་ཡི་གེ་དེ་རེད།
རྒན་མོ་པད་མ་བདེ་ཆེན་གྱིས་དྲན་གསོ་བྱས་པ་ལྟར་ན། སྐབས་དེ་དུས་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པས་རྟ་ཞོན་ནས་ལ་ཀླུང་བརྒལ་ཏེ་འབྲོག་དུད་རེ་རེ་བཞིན་ལ་གདན་ཞུའི་ཡི་གེ་བསྐྱལ་བ་དང་། གདན་ཞུའི་དུས་ཡུན་ལོ་བཅུ་རེད། ལྟ་སྐུལ་པ་ཡིན་པའི་ངོས་ནས་རྒན་མོས་མི་དམངས་ཉེན་རྟོག་པའི“བཟའ་འཁྱེར་བཀག་གསུམ་དང་། རང་འགན་གཞན་ལ་དཀྲི་བའི་སྤྱོད་ངན”སོགས་ཚུལ་མིན་བྱ་སྤྱོད་ཚང་མ་མི་དམངས་ཉེན་རྟོག་པར་སྙན་སེང་ཞུ་ཆོག་ལ་མངགས་གཏོང་ཁང་གིས་ཀྱང་དུས་བཀག་ལྟར་བསམ་འཆར་ཉན་གྱི་ཡོད། གདན་ཞུའི་ཡི་གེ་དང་མཉམ་དུ་སྤྲད་པའི་གྲས་སུ་ད་དུང“ལྟ་སྐུལ་འབྲེལ་གཏུག་བྱང་བུ”དང“བསམ་འཆར་ཐོ་འགོད་དེབ”ཀྱང་ཡོད། གལ་སྲིད་ཕྱུགས་འཚོ་མཁན་འབྲོག་པས་ཉེན་རྟོག་པ་སྒྲིག་ཁྲིམས་ལས་འགལ་བ་ཤེས་རྟོགས་བྱུང་ཚེ། བྱང་བུ་དེ་གྲོང་ཚོའི་ལམ་མདོར་ཡོད་པའི་ཡིག་སྒམ་ནང་བླུགས་རྗེས་ཀྱི་ཉིན་གསུམ་ནང་ཉེན་རྟོག་པས་སྒོ་རྩར་ཡོང་ནས་འདྲི་རྩད་བྱེད་ངེས་རེད།
2024ལོའི་ཟླ་5པར། འབྲོག་པ་ཞིག་གིས་དྲ་ཐོག་ལས་སྟེགས་བརྒྱུད“ཐོབ་ཐང་ལག་ཁྱེར་གཉེར་བར་ལམ་ཐག་རིང་བ་མ་ཟད། ལག་ཁྱེར་ཡང་ལེན་བདེ་པོ་མི་འདུག”ཅེས་གོང་ཞུ་བྱས་པར། མངགས་གཏོང་ཁང་གིས་འཕྲལ་དུ་དང་ལེན་བྱས་ཏེ“གངས་རིའི་མྱུར་སྐྱེལ”ཞབས་འདེགས་ཞུ་འགོ་ཚུགས་པ་དང་སྐོར་གཡེང་ཉེན་རྟོག་པས་འོས་འགན་དང་དུ་བླངས་ཏེ་ལག་ཁྱེར་ཚབ་སྐྱེལ་བྱས། གནད་དོན་དེ་ཁོ་ནས་ལོ་ལྟར་འབྲོག་པ་མང་ཚོགས་ལ་འགྲོ་གྲོན་སྒོར་བདུན་སྟོང་ལྷག་ཙམ་གྲོན་ཆུང་ཐུབ་ཅིང་། 2023ལོའི་ཟླ་བ་དང་པོ་ནས་བཟུང་། ཕག་རི་མཐའ་མཚམས་མངགས་གཏོང་ཁང་ལ་མང་ཚོགས་ཀྱི་ལྟ་སྐུལ་ཁུངས་སྣེ་5འབྱོར་བར་བཅོས་སྒྲིག་བྱེད་ཚད་100%ཟིན་ཡོད།
“མི་དམངས་ཉེན་རྟོག་པའི་སྤྱོད་ཚུལ་བཟང་མིན་སྐོར་ལ་མང་ཚོགས་ལ་སྐད་ཆ་ཤོད་དབང་ཡོད”ཕག་རི་མཐའ་མཚམས་མངགས་གཏོང་ཁང་གི་སློབ་སྟོན་པ་ཧུའུ་ཧའོ་ཡིས། མངགས་གཏོང་ཁང་དེས“འབྲོག་པའི་གདེང་འཇོག་གིས་ཉེན་རྟོག་པའི་སྤྱོད་ཚུལ་གྱི་སྐར་གྲངས་དཔྱད་བསྡུར་གྱི་30%ཟིན་པའི”འགྲན་མེད་ལམ་སྲོལ་བཏོན་པས། མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་དེ་མི་དམངས་ཉེན་རྟོག་པའི་སྤྱོད་ཚུལ་ལ་བསྡུར་ཞིབ་བྱེད་པའི་ཚད་གཞིར་གྱུར་ཡོད། གདན་ཞུའི་ཡི་གེ་འདི་ནི་ལྟ་སྐུལ་གྱི་དཔང་རྟགས་ཤིག་རེད་ལ། ཉེན་རྟོག་པ་དང་མང་ཚོགས་དབར་གྱི་སེམས་མཐུན་བསྒྲགས་གཏམ་ཞིག་དེ་བས་རེད་ཅེས་ལན་བཏབ།