《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年07月01日

ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས།

སྲིད་གཙང་ཉེན་བརྡའི་སློབ་གསོའི་འགྲེམས་ སྟོན་ལ་ལྟ་སྐོར་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་དང་། ཏང་ཡོན་མི་དམངས་ཉེན་རྟོག་པའི་སྤྱོད་གཙང་རང་འདོམས་ཀྱི་རང་རྟོགས་རང་བཞིན་སྔར་བས་ཆེ་རུ་གཏོང་བ། རུལ་འགོག་འགྱུར་ཟོན་གྱི་བསམ་བློའི་འགོག་སྲུང་བརྟན་དུ་གཏོང་བ་བཅས་བྱ་ཆེད། ཉེ་ཆར་ལྷ་ས་རྒྱལ་མཚམས་འཛུལ་སྒྲོལ་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱིས་ཏང་ཡོན་མི་དམངས་ཉེན་རྟོག་པ་སྒྲིག་འཛུགས་བྱས་ནས“ཉེ་འཁོར་གྱི་དོན་དག་ལ་བརྟེན་ནས་ཉེ་འགྲམ་གྱི་མིར་སློབ་གསོ་གཏོང་བའི”རང་སྐྱོང་ལྗོངས་ཀྱི་སྲིད་གཙང་ཉེན་བརྡའི་སློབ་གསོའི་འགྲེམས་སྟོན་ལ་ལྟ་སྐོར་སློབ་སྦྱོང་བྱས་ནས་ཏང་གཤིས་དང་། ཏང་སྲོལ། ཏང་གི་སྒྲིག་ཁྲིམས་བཅས་ཀྱི་སློབ་གསོ་དང་ལེན་བྱས་ཏེ། གྱོད་གཞི་དཔྱད་གཞིའི་མེ་ལོང་དུ་འཛིན་པ་དང་གྱོད་གཞིར་བརྟེན་ནས་ཉེན་བརྡ་གཏོང་ཐུབ་པ་བྱས་ཡོད།

ལྟ་སྐོར་སློབ་སྦྱོང་བྱས་པ་བརྒྱུད་རྒྱ་ཆེའི་ཏང་ཡོན་མི་དམངས་ཉེན་རྟོག་པ་ཚོས། གྱོད་གཞི་དཔྱད་གཞིའི་མེ་ལོང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་ཁྲོད། རང་རྟོགས་ངང་ཞུཌ་ནས་སྒྲིག་བཀུར་ཁྲིམས་སྲུང་གི་བསམ་བློའི་རང་རྟོགས་དང་བྱ་སྤྱོད་ཀྱི་རང་རྟོགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་གི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།