དཔལ་ལྡན་ལྷུན་གྲུབ།
ངལ་གསོའི་ཉིན་མོ།
དེ་རིང་རེས་གཟའ་ཉི་མ་རེད།
རེས་གཟའ་ཉི་མར་ང་ཚོ་ངལ་གསོ་རེད།
ཞོགས་པའི་སྐྱོར་སྦྱངས་ཚར་རྗེས།
ཨ་མ་ལཊ་ལ་ནང་ལས་བྱེད་རོགས་བྱེད་དགོས།
སྒྲོག་ཙེའི་ཁ་ངོ་དང་ཇ་དེམ་གྱི་ལུས་པོ་བཀྲུ་དགོས།
ཅ་ནེ་དང་ཤིང་ཏོག་གི་ཁ་ངོ་བཀྲུ་དགོས།
སྙིང་ཉེ་བའི་མེ་ཏོག་ལ་ཆུ་རྒྱག་དགོས།
ཐང་ཤིང་སྡོང་པོའི་དབུ་སྐྲ་འབྲེག་དགོས།
དེ་རིང་ངལ་གསོ་ཡིན་པས།
ངས་ཁང་པའི་མདོ་སྦུག་ཀུན་ལ་གཙང་སྦྲ་བྱེད།
འདི་ལྟར་བྱས་ན།
ཨ་མ་ལགས་ཁོང་མཉེས་པོ་ཡོང་ངེས་རེད།
འཛུམ་མདངས།
མེ་ཏོག་ལ་ཆུ་བརྒྱབ་པས།
ཉི་འོད་ཀྱི་འཛུམ་མདངས་འོག
མེ་ཏོག་ནི་ཅི་འདྲའི་སྙིང་རྗེ་བ་ལ་ཨང་།
ཇ་དེམ་གྱི་ལུས་པོ་བཀྲུས་པས།
ངས་སྒོར་ཞིང་འཛུམ་པའི་མེ་ཏོག་གི་ངོ་གདོང་།
ཇ་དེམ་གྱི་མིག་ཟུང་ལས་མཐོང་བྱུང་།
ཨ་མ་ལགས་ཀྱིས་དབུ་ལྕོག་ལྕོག་གནང་གིན།
ང་ལ་མེ་ཏོག་ལྟ་བུའི་འཛུམ་ཞིག་བསྟན།