《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月17日

དངོས་འཐབ་ཅན་གྱི་སྦྱོང་བརྡར་བྱེད། ཆུ་སྐྱོབ་འཇོན་ཐང་ཆེ་རུ་གཏོང་།

བཀོད་འཐབ་པས་ཆུ་ནང་འཛུལ་སྟངས་སྦྱོང་བཞིན་པ།

བཀོད་འཐབ་པས་མི་སྣ་སྐྱོབ་སྟངས་སྦྱོང་བཞིན་པ།

ཆུ་ཁོངས་རོགས་སྐྱོབ་ཀྱི་དངོས་འཐབ་འཇོན་ཐང་ཕྱོགས་ཡོངས་ནས་ཆེ་རུ་གཏོང་ཆེད། ཉིན་ཤས་གོང་ཆབ་མདོ་གྲོང་ཁྱེར་ནགས་ཚལ་མེ་ཟོན་ཉིང་ལག་རུ་ཁག་ཁ་རུབ་རུ་འབྲིང་གིས་ཆུ་ཁོངས་རོགས་སྐྱོབ་རྩལ་ནུས་ལ་ཤུགས་སྣོན་རྒྱག་པའི་སྦྱོང་བརྡར་སྒྲིག་འཛུགས་བྱས་ཏེ་ཐག་པ་འཕེན་ནས་རོགས་སྐྱོབ་བྱེད་པ་དང་། ཆུ་ནང་གི་སྐྱོབ་རྩལ། གྲུ་བཀོལ་སྤྱོད་བྱེད་སྟངས་སོགས་འགག་རྩ་ཁག་གཅིག་ལ་གཙོ་གནད་ཐོག་སྦྱོང་བརྡར་བྱས་ཏེ། རྙོག་འཛིང་ཆེ་བའི་ཆུ་ཁོངས་ཁོར་ཡུག་ཁྲོད་བཀོད་འཐབ་པས་ཚན་རིག་དང་མཐུན་ལ་བདེ་འཇགས་ལྡན་པའི་དམག་འཐབ་འཇོན་ཐང་ཆེ་རུ་ཧུར་ཐག་བཏང་ཡོད།

སྦྱོང་བརྡར་བྱེད་ཡུལ་དུ་རྩལ་ཁྲིད་པས་ཆུ་ནང་དུ་འཛུལ་ཐབས་དང་འགག་རྩའི་ལག་རྩལ་ལ་དམིགས་ནས་ཕྱོགས་ཡོངས་དང་གཏིང་ཟབ་པའི་འགྲེལ་བཤད་བརྒྱབ་པ་རེད། དེ་དང་ཆབས་ཅིག་ཕར་རྒོལ་བྱེད་སྟངས་དང་། འགོག་སྲུང་བྱེད་སྟངས། འགན་ལེན་བྱེད་སྟངས་བཅས་བྱེད་ཐབས་གསུམ་ཞིབ་ཕྲ་བསླབས་ནས་བཀོད་འཐབ་པ་ཚང་མར་རྨང་གཞིའི་རྩལ་ནུས་བརྟན་པོའི་ངང་ཁོང་དུ་ཆུད་ཐུབ་པ་བྱས་པ་རེད།