འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་བར་སྐོར་ཁྲོམ་གཞུང་བསྟན་རྒྱས་གླིང་སྡེ་ཁུལ་གྱིས་དྲ་མིག་པ་སྒྲིག་འཛུགས་བྱས་ཏེ་དམངས་དོན་ཁྲིམས་གཞུང་སྒྲོག་འགྲེལ་བྱེད་སྒོ་སྤེལ་ཞིང་། གོ་བདེ་ཤེས་སླ་དང་གྱོད་དཔེ་དྲངས་ནས་གྲོང་མིའི་ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ་དང་འབྲེལ་དམངས་ཡོངས་ཀྱིས་བཅའ་ཁྲིམས་སློབ་སྦྱོང་བྱེད་པའི་རྣམ་པ་བཏོད་ཡོད།
ད་ཐེངས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་གྲོང་མིས་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་སྲུང་སྐྱོང་དང་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱེད་པའི་འདུ་ཤེས་ཟབ་ཏུ་ཕྱིན་པ་མ་ཟད། སྡེ་ཁུལ་གྱིས་འགལ་བ་འདུམ་འགྲིག་ལས་དོན་སྤེལ་བར་རྨང་གཞི་བཏིང་ནས་སྡེ་ཁུལ་དུ་ཁྲིམས་བཀུར་དང་། ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ཀྱི་རྣམ་པ་བཟང་པོར་ཆགས་པར་སྔར་བས་སྐུལ་མ་ཐེབས་ཡོད།