《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月17日

གོ་འཇོ་རྫོང་གིས་དྲ་རྒྱའི་དཀྲོག་གཏམ་ཐེར་འདོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྐབས་དང་པོ་སྤེལ་བ།

ཉེ་ཆར། ཞིང་འབྲོག་མང་ཚོགས་ཀྱིས་དཀྲོག་གཏམ་དབྱེ་འབྱེད་བྱེད་པའི་ནུས་པ་ཆེ་རུ་གཏོང་བ་དང་དྭངས་གཙང་གི་དྲ་རྒྱའི་བར་མཐོངས་གཏོད་ཆེད། གོ་འཇོ་རྫོང་གིས་དྲ་རྒྱའི་དཀྲོག་གཏམ་ཐེར་འདོན་གྱི་དྲིལ་བསྒྲགས་བྱེད་སྒོ་སྐབས་དང་པོ་གཉེར་ནས་དྲ་རྒྱའི་དཀྲོག་གཏམ་གཏན་འགོག་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་པོ་བསྐྲུན་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨུད་དྲ་འཕྲིན་གཞུང་ལས་ཁང་གིས་རྫོང་དྲ་རྒྱ་བདེ་འཇགས་རུ་ཆེན་སོགས་ཚན་པ་19དང་མཉམ་དུ་མི་ཚོཊ་མང་བའི་ཁྲོམ་གཞུང་དུ་དྲིལ་བསྒྲགས་ས་ཚིགས་བཙུགས་ཤིང་། ས་གནས་ས་ཐོག་ཏུ་འགྲེལ་བཤད་རྒྱག་པ་དང་། དྲིལ་བསྒྲགས་ལག་དེབ་སྤྲོད་པ། ངོ་ཐུག་གདོང་འཕྲད་ཀྱིས་མང་ཚོགས་ཀྱི་དོགས་གནད་སེལ་བ། སྤྱི་བདེ་སྡེ་ཚན་གྱིས་གྱོད་དཔེ་དྲངས་ནས་ཉེན་བརྡ་གཏོང་བའི་དྲིལ་བསྒྲགས་བྱང་བུ་བཀྲམ་པ་བཅས་བྱས་པ་མ་ཟད། ཁྲོམ་གཞུང་དུ་བོད་ཡིག་དང་རྒྱ་ཡིག་གཉིས་ཀ་ཡོད་པའི་དྲ་རྒྱའི་དཀྲོག་གཏམ་ཐེར་འདོན་གྱི་བརྡ་ཁྱབ་སྦྱར་བ་རེད། ད་ཐེངས་ཀྱི་བྱེད་སྒོར་དྲིལ་བསྒྲགས་དཔྱད་ཡིག་ཁྱོན་1000ལྷག་ཙམ་དང་དྲིལ་བསྒྲགསདངོས་རྫས་500ལྷག་ཙམ་སྤྲད་པ་རེད། འདི་ནི་ལས་དོན་པས་མང་ཚོགས་ལ་དྲ་རྒྱའི་དཀྲོག་གཏམ་འགོག་པའི་ཤེས་བྱ་དྲིལ་བསྒྲགས་བྱེད་པ།