《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月17日

སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས“ལག་གདང་སྦྲེལ་ནས་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ།

འདི་ནི་བྱེད་སྒོར་ཞུགས་མཁན་གྱིས་མཉམ་པར་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་ས་གྲོང་ཁྱེར་སྟག་རྩེ་ཆུས་མི་དམངས་ཞིབ་དཔྱོད་ཁང་གིས“ལག་གདང་སྦྲེལ་ནས་འབྱུང་འགྱུར་མཉམ་དུ་གཏོད”ཅེས་པའི་ཞིབ་དཔྱོད་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་བ་རེད། སྟག་རྩེ་ཆུས་ལྟེ་བའི་སློབ་ཆུང་གི་ལོ་རིམ་ལྔ་པའི་སློབ་མ་དང་དེ་བཞིན་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། སྲིད་གྲོས་ཀྱི་ཨུ་ཡོན། མི་དམངས་ཀྱི་ལྟ་སྐུལ་པ། སྤྱི་ཚོགས་ལས་དོན་པུའུ་དང་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱི་ལས་དོན་པ། སྨན་ཁང་གི་འཐུས་མི་སོགས་མི་གྲངས་60ལྷག་ཙམ་གདན་ཞུས་ལྟར་བྱེད་སྒོར་ཞུགས་པ་རེད།

བྱེད་སྒོ་སྤེལ་ཚུན། “དབྱིངས་ཞུགས་རྣམ་པའི”ཉམས་ལེན་གཙོ་བོར་བྱས་ཏེ་ལྟ་སྐོར་དང་། ཁྲིམས་སྐྱོང་འཆད་ཁྲིད། བརྗོད་དོན་གཙོ་བོའི་རི་མོ་སོགས་ལྷུ་ཚིགས་ཞིབ་ཚགས་བཀོད་སྒྲིག་བྱས་ཏེ། སློབ་མ་ཚོར་ཁྲིམས་སྐྱོང་སློབ་གསོའི་ཤེས་བྱ་སྣ་ཚོགས་ཁྱབ་གདལ་བཏང་བ་རེད། ཞིབ་དཔྱོད་པའི་ཁྲིད་སྟོན་འོག་སློབ་མ་ཚོས་12309ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས་དང་། གྱོད་གཞི་དོ་དམ་བདག་སྤྲོད་ལྟེ་གནས། རྒྱང་སྦྲེལ་འདྲི་གཅོད་ཁང་། སྤྱི་ཕན་གཏུག་བཤེར་མྱུར་བཤེར་ཁང་སོགས་བྱེད་ནུས་འདུས་ཁུལ་དུ་གོ་རིམ་ལྡན་པའི་ངང་ལྟ་སྐོར་བྱས་པ་རེད། ཞིབ་དཔྱོད་དཔོན་གྱིས་བྱེད་ནུས་འདུས་ཁུལ་ཁག་གི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ནས་ན་སོ་དར་ལ་མ་བབས་པའི་མིར་སྲུང་སྐྱོང་བྱེད་པའི་ལས་དོན་གཙོ་གནད་ཐོག་འགྲེལ་བཤད་བརྒྱབ་པ་རེད།

ཁྲིམས་སྐྱོང་སློབ་ཚན་ཚོགས་རིང་། ན་སོ་དར་ལ་མ་བབས་པའི་མིའི་ཞིབ་དཔྱོད་ལས་དོན་གྱི་ཞིབ་དཔྱོད་དཔོན་གྱིས་དྲ་རྒྱའི་བདེ་འཇགས་དང་བཙན་ཤེད་སྙན་ཞུའི་ལམ་ལུགས་ལ་དམིགས་ནས། སློབ་མ་དང་འཐུས་མི་ཚོར་ཁྲིམས་སྐྱོང་སློབ་ཚན་འཚོགས་ཤིང་། སློབ་ཚན་ནང་འཐུས་མི་ཚོས་བཙན་ཤེད་སྙན་སེང་ཞུ་བའི་ལམ་ལུགས་དོན་འཁྱོལ་བྱེད་པའི་ཐབས་ལམ་གསལ་པོ་བཟོས་ནས་ན་སོ་དར་ལ་མ་བབས་པའི་མི་སྲུང་སྐྱོང་བྱེད་པའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ་དང་། སློབ་མ་ཚོས་ཀྱང་བཅའ་ཁྲིམས་ལ་བརྟེན་ནས་རང་ཉིད་ཀྱི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་ཐབས་ཤེས་ཁོང་དུ་ཆུད་ཡོད།