《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月17日

ཚད་ལྡན་ཅན་གྱི་འཛུགས་སྐྱོང་དམ་འཛིན་གྱིས་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།

—— རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་དབྱང་ཀེང་ལ་བཅར་འདྲི་ཞུས་པ།

ཉེ་ཆར། ལྗོངས་ཡོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་གི་འབྲེལ་ཡོད་གནས་ཚུལ་ཐད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཁྲིམས་ཨུ་ལྷན་གྱི་དྲུང་ཆེ་གཞོན་པ་དབྱང་ཀེང་གིས་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་བ་རེད།

དབྱང་ཀེང་གིས། ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་རྒྱུ་དེ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པའི་ལག་ལེན་ཞིབ་ཕྲ་ཞིག་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་དང་མང་ཚོགས་ཀྱི་སྣ་མང་དགོས་མཁོ་སྐོང་བའི་འགག་རྩའི་བྱེད་ཐབས་ཤིག དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བའི་གཞི་རྟེན་གལ་ཆེན་ཞིག སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་ལྡོག་མེད་ཀྱི་བླང་བྱ་ཞིག་ཡིན་ཞེས་གསུངས་པ་རེད།

“བོད་ཀྱིས་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚན་ལྡན་ཅན་གྱི་འཛུགས་སྐྱོང་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད”དབྱང་ཀེང་གིས་ངོ་སྤྲོད་གནང་དོན། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་འགུལ་ངང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་འཛུགས་སྐྱོང་སྐུལ་འདེད་གཏོང་བའི་ལས་དོན་བཀོད་སྒྲིག་བྱས་པར་བརྟེན་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་གསུམ་ཕྱོགས་ཡོངས་ལ་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཁྱབ་ཡོད། མིག་སྔའི་བར། ལྗོངས་ཡོངས་སུ་རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་32ཚད་ལྡན་ཅན་གྱི་སྒོ་ནས་བསྐྲུན་པ་དང་། རྫོང་རིམ་པའི་སྲིད་ཁྲིམས་སྡེ་ཚན་དང་། ཡིག་འབུལ་ཞུ་བཅར། མི་སྤྱི་སོགས་ཚན་པ་196དང་དེ་བཞིན་གྲགས་རྟགས་འདུམ་འགྲིག་རྩ་འཛུགས་64དང་། ཆེད་བསྐོས་མི་དམངས་འདུམ་འགྲིག་པ་དང་། འདུམ་འགྲིག་པ་རྩེ་གྲ ཁྲིམས་རྩོད་པ་སོགས་526རྫོང་རིམ་པའི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་སུ་བཅའ་སྡོད་བྱས་ཡོད་པ་རེད།

ནུས་པ་བསྡུ་སྒྲིལ་ཐད“ལྟེ་གནས་མང་པོ་གཅིག་གྱུར”གྱི་རྩོད་གཞི་ཐག་གཅོད་ཕྱོཌ་བསྡུས་སྒྲིག་གཞི་བསྐྲུན་རྒྱུར་དམིགས་ནས“གཅིག་འཐུས་རྣམ་པའི”འགལ་ཟླ་འདུམ་འགྲིག་ལྟེ་གནས་དང་། གཏུག་བཤེར་ཞབས་ཞུའི་ལྟེ་གནས། ཞིབ་དཔྱོད་ཞབས་ཞུའི་ལྟེ་གནས། སྤྱི་པའི་བཅའ་ཁྲིམས་ཞབས་ཞུའི་ལྟེ་གནས། ཡིག་འབུལ་ཞུ་བཅར་སྣེ་ལེན་ལྟེ་གནས་སོགས་ཐོན་ཁུངས་སྤྱི་འདོམས་དང་། སྲིད་ཁྲིམས་ཚན་པ་དང་། སྲིད་གཞུང་སྡེ་ཚན། ལས་རིགས་རྩ་འཛུགས། མང་ཚོགས་ཚོགས་པའི་རྩ་འཛུགས་བཅས་བསྡུ་སྒྲིལ། “རྒྱུན་སྡོད་དང་། རེས་སྐོར་བྱས་ནས་སྡོད་པ། འབོད་མ་ཐག་སླེབས་ཐུབ་པ”བཅས་ཀྱི་བྱེད་ཐབས་སྤྱོད་པ། མཉམ་དུ་གཞུང་དོན་སྒྲུབ་པ་དང་། གཞི་གཅིག་ཅན་གྱི་བཀོད་གཏོང་། གཅིག་འཐུས་རྣམ་པའི་ཞབས་ཞུ་བཅས་ལག་བསྟར་བྱས་ཤིང་། འདུམ་འགྲིག་དང་། ཁྲུན་གཅོད། གཞུང་དཔང་། བཅའ་ཁྲིམས་རོགས་སྐྱོར་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་ལྟེ་གནས་ཀྱིས“གཅིག་འཐུས་རྣམ་པར”བརྟེན་ནས་འགལ་ཟླ་དང་རྩོད་གཞི་ཐག་གཅོད་བྱས་ཡོད།

དབྱང་ཀེང་གིས། རང་ལྗོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཀྱི་ཚད་ལྡན་ཅན་གྱི་འཛུགས་སྐྱོང་ལ་ཕན་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་བོད་ཀྱི་ས་ཆ་རྒྱ་ཆེ་ཞིང་མི་འབོར་ཉུང་བ་དང་། མང་ཚོགས་ཀྱི་སྡོད་གནས་ཐར་ཐོར་ཡིན་པ། སྤྱི་པའི་ཞབས་ཞུ་ཆ་ལག་མི་ཚང་བ་སོགས་ཀྱི་ཤུགས་རྐྱེན་ཐེབས་པས་བྱེད་ནུས་བཀོད་སྒྲིག་དང་། ཐོན་ཁུངས་བསྡུ་སྒྲིལ། ལམ་སྲོལ་འཁོར་སྐྱོད། དྲིལ་བསྒྲགས་ཁྲིད་སྟོན་སོགས་ཐད་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལ་ད་དུང་ཞན་ཆ་གནས་ཡོད་པས་ཀྲུང་དབྱང་གི་བཀོད་སྒྲིག་བླང་བྱ་དང་མི་དམངས་མང་ཚོགས་ཀྱི་རེ་སྒུག་དང་བར་ཐག་ངེས་ཅན་ལྡན་ཡོད་ཅེས་གསུངས་པ་རེད།

གནད་དོན་དེ་དག་ལ་དམིགས་ནས། དབྱང་ཀེང་གིས་འགག་རྩ་ཡིན་པའི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་དམ་འཛིན་བྱེད་པ་དང་འགལ་ཟླ་དང་རྩོད་གཞི་ངོ་བོའི་རང་བཞིན་གྱི་སྒོ་ནས་ཐག་གཅོད་བྱ་རྒྱུར་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱས་ཏེ“སྡེ་ཚན་སོ་སོས་སྲིད་འཛིན་དང་ཐོན་ཁུངས་སིལ་ཧྲུག་ཅན”གྱི་དཀའ་གནད་ལས་སྒྲོལ་ནས་ལྗོངས་ཡོངས་ཀྱི་སྤྱི་ཚོགས་རྒྱུན་མཐུད་ཞི་མཐུན་བརྟན་ལྷིང་ཡོང་བར་འགན་ལེན་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།