འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆེས་མཐོའི་མི་དམངས་ཁྲིམས་ཁང་ཆབ་སྲིད་པུའུ་ཁྲིམས་འཛིན་ཉེན་རྟོག་དོ་དམ་ཅུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག རང་ལྗོངས་ཀྱི་ཁྲིམས་ཁང་གི་ཁྲིམས་འཛིན་ཉེན་རྟོག་པའི་ལས་སྒོའི་རྩལ་ནུས་འགྲན་བསྡུར་སྐབས་གཉིས་པ་དང་ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་གཅོག་པའི་ཆེད་དོན་གསོ་སྦྱོང་ལྷ་སར་འགོ་ཚུགས་པ་དང་འབྲིང་རིམ་མི་དམངས་ཁྲིམས་ཁང་ཁག་གི་ཁྲིམས་འཛིན་ཉེན་རྟོག་ཉིང་ལག་རུ་ཁག་གིས་སློབ་མ་མངགས་ནས་གསོ་སྦྱོང་ལ་ཞུགས་ཡོད།
ད་ཐེངས་ཀྱི་ཆེད་དོན་གསོ་སྦྱོང་བྱེད་སྒོ་སྤེལ་བ་བརྒྱུད། སློབ་མ་ཚང་མའི་འཕྲལ་སྡོམ་དངོས་འཐབ་འཇོན་ཐང་སྔར་བས་མཐོ་རུ་ཕྱིན་པ་རེད།