ཉེ་ཆར། ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་གིས་ཁྲེང་ཀོན་ཆུས་རྒན་རྒོན་གྱི་ཉིན་མོའི་ལྟ་རྟོག་ལྟེ་གནས་སུ“རྒན་རྒོན་གྱི་བདེ་ཐང་སྲུང་། ཟོལ་མེད་ཀྱི་དོ་ཁུར་བྱེད”ཅེས་པའི་བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་ནས་རྒན་རྒོན་ལ་ཁྲག་ཤེད་འཇལ་བ་དང་བདེ་ཐང་བློ་འདྲི་སོགས་ཀྱི་འོས་འགན་སྨན་བཅོས་ཞབས་ཞུ་བྱས་པ་མ་ཟད། སྨན་རྫས་སྣ་ཚོགས་སྤྲད་པ་དང་གཅོང་ནད་འགོག་བཅོས་ཀྱི་ཤེས་བྱ་ཁྱབ་གདལ་ཡང་བཏང་བར་གདེང་འཇོག་བཟང་པོ་ཐོབ་ཅིང་། འདི་ནི་སྨན་པས་རྒན་རྒོན་ལ་ཁྲག་ཤེད་འཇལ་བཞིན་པ།