འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བརྒྱབ་པའི་ལྗོངས་ཡོངས་ཀྱི་གཡོ་ཇུས་ལ་བརྟེན་ནས་ཁ་བསླུས་བརྒྱབ་པའི་གྱོད་གཞི་དེ་གཞིས་རྩེ་གྲོང་ཁྱེར་འབྲིང་རིམ་མི་དམངས་ཁྲིམས་ཁང་དུ་ཡོངས་བསྒྲགས་འདྲི་ཞིབ་བྱས་པ་རེད།
2023ལོའི་ཟླ་6པ་ནས་11པའི་བར། ཧུའུ་ཆེ་གེ་མོ་དང་མཱ་ཆེ་གེ་མོས་དགའ་རོགས་ཀྱི་འབྲེལ་བའི་ཐོག་ནས་ཞའོ་ཆེ་གེ་མོ་དང་ཡོན་ཆེ་གེ་མོ་བཅས་བསྐོངས་ཏེ་རང་ལྗོངས་ཀྱི་ས་ཆ་6ལ་སོང་ནས་ཁང་པ་བོཌ་གཏོང་དང་། སྒོ་བྱང་འགེལ་བ། ཚོང་གཉེར་ལག་ཁྱེར་གཉེར་བ་སོཌ་ཁྲིམས་མཐུན་ངང་ཚོང་ཁང་སྒོ་འབྱེད་པར་གྲ་སྒྲིག་བྱེད་པར་ཁ་གཡར་ཏེ་ཁ་བསླུས་ཐེངས་6ཙམ་བརྒྱབ་པར་ཉེས་གསོག་དངུལ་འབོར་སྒོར་ཁྲི་23.58ཟིན་ཡོད། དེའི་ནང་མཱ་ཆེ་གེ་མོ་དང་ཡོན་ཆེ་གེ་མོའི་གྱོད་འབྲེལ་དངུལ་འབོར་སྒོར་ཁྲི་16.6ཟིན་གྱི་ཡོད།
གྱོད་གཞི་དེ་2025ལོའི་ཟླ་5ཚེས་15ཉིན་བཅད་ཁྲ་ཁྱབ་བསྒྲཌ་བྱས་པ་དང་། གཏིང་སྐྱེས་རྫོང་མི་དམངས་ཁྲིམས་ཁང་གིས་ཞིབ་དཔྱོད་ལས་ཁུངས་ཀྱིས་བཏོན་པའི་བྱས་ཉེས་ཚད་འཇལ་གྱི་གྲོས་འགོ་ཚང་མ་དང་ལེན་བྱས་ཏེ། ཁ་བསླུས་བརྒྱབ་པའི་ཉེས་པ་གཞིར་བཟུང་ཞུ་སྦྱོར་ཕྱི་མ་ཧུའུ་ཆེ་གེ་མོ་སོགས་མི་4ལ་དུས་བཀག་བཙོན་འཇུག་ལོ་གཉིས་དང་ཉེས་ཆད་ལོ་གསུམ་ཕྱིར་འགྱངས་བྱེད་རྒྱུ་དང་། དུས་བཀག་བཙོན་འཇུག་ལོ་ལྔ་དང་དངུལ་ཆད་མི་འདྲ་གཅོད་རྒྱུའི་ཆད་པ་བཅད་པ་རེད།