《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月10日

“གདོང་སྐྱོད་པའི”སྦྱོང་བརྡར་འགོ་ཚུགས་པ།

↑ འདི་ནི་མཐར་སོན་འཕྲང་སྒྲོལ་སྦྱོང་བརྡར་གྱི་རྣམ་པ་ཡིན་པ།

← འདི་ནི་མི་གཏའ་སྐྱོབ་པའི་རིག་ཚན་སྦྱོང་བརྡར་གྱི་རྣམ་པ་ཡིན་པ།

2025ལོའི་རྒྱལ་ཡོངས་སྤྱི་བདེ་དམིཌ་བསལ་ལས་སྒྲུབ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་ལ་གྲ་སྒྲིག་བྱ་ཆེད། ཉིན་ཤས་གོང་། ལྗོངས་ཡོངས་ཀྱི་སྤྱི་བདེ་དམིཌ་བསལ་ལས་སྒྲུབ་ཉེན་རྟོག་པའི་འགྲན་སློང་འགྲན་བསྡུར་གྱི་གཅིག་སྡུད་སྦྱོང་བརྡར་བྱེད་འགོ་ཚུཌ་ཤིང་། གྲོང་ཁྱེར(ས་ཁུལ) བདུན་གྱི་དམིཌ་བསལ་ལས་སྒྲུབ་ཉེན་རྟོག་པ་100ལྷག་ལྷ་སར་འཛོམས་ནས་འགྲན་བསྡུར་གྱི་རྣམ་གྲངས་ཁག་ལ་དམིགས་ཏེ“གདོང་སྐྱོད་པའི”སྦྱོང་བརྡར་བྱས་པ་རེད།

ཐེངས་འདིའི་སྦྱོང་བརྡར་གྱི་དུས་ཡུན་ཉིན་20ཡིན་པ་དང་། དེའི་རིང་ཚ་ཁ་མྱུར་འགྲན་དང་། རྗེས་འདེད་འཕྲལ་རྒོལ། མཐར་སོན་འཕྲང་སྒྲོལ། མི་གཏའ་སྐྱོབ་པ་སོཌ་རིག་ཚན་5སྦྱོང་བརྡར་བྱ་རྒྱུ་ཡིན་པ་དང་། དེའི་དམིགས་ཡུལ་ནི་བརྒྱུད་རིམ་རང་བཞིན་གྱི་སྦྱོང་བརྡར་བརྒྱུད། དམིགས་བསལ་ལས་སྒྲུབ་ཉེན་རྟོག་པའི་ལུས་རྩལ་དང་། རྩལ་ནུས། འཐབ་རྩལ། རོགས་རེས་སོགས་ཐད་ཀྱི་འཇོན་ཐང་ཁྱོན་ཡོངས་ནས་ཆེ་རུ་བཏང་སྟེ། འགག་རྩའི་དུས་སུ་དོན་ཐུབ་པ་དང་། གདོང་མཆོང་ཐུབ་པ། རྣམ་པར་རྒྱལ་ཐུབ་པའི་འགན་ལེན་བྱ་ཆེད་ཡིན་པ་རེད།