《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年06月10日

ལྷོ་ཁ་གྲོང་ཁྱེར་གྱིས“དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བའི”ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱེད་སྒོ་སྤེལ་བ།

འདི་ནི་བྱེད་སྒོ་སྤེལ་ཡུལ་ཡིན་པ།

འདི་ག་ཚགས་པར་ཁང་དུ་ལྷོ་ཁ་ནས་གློག་འཕྲིན་འབྱོར་གསལ། “དམངས་དོན་ཁྲིམས་གཞུང་དྲིལ་བསྒྲགས་ཟླ་བ”ཐེངས་ལྔ་པའི་རིང་ལྷོ་ཁ་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་གོང་དཀར་རྫོང་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་དང་མཉམ་དུ་ཉིན་ཤས་གོང་སྲིན་པོ་རི་གནས་སྤོ་བྱ་ཡུལ་དུ“འོད་སྟོང་འཕྲོ་བའི་ལོ་དྲུག་ཅུའི་རིང་ཁྲིམས་གཞུང་དང་མཉམ་དུ་འགྲོགས”ཞེས་པའི་ཁྲིམས་སྐྱོང་རིག་རྩལ་འཁྲབ་སྟོན་བྱེད་སྒོ་གཉེར་བ་རེད།

ད་ཐེངས་ཀྱི་བྱེད་སྒོ་ནི་ལྷོ་ཁ་གྲོང་ཁྱེར་ཁྲིམས་འཛིན་ཅུས་དང་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་གཙོ་གཉེར་བྱས་པ་དང་གོང་དཀར་རྫོང་ཁྲིམས་འཛིན་ཅུས་དང་རྫོང་ཁྲིམས་ལུགས་ཁྱབ་གདལ་གཞུང་དོན་ཁང་གིས་གཉེར་རོགས་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་མང་ཚོགས་ཀྱིས་ལྟ་འདོད་ལ་ཉན་སྤྲོ་བའི་རིག་རྩལ་རྣམ་པའི་དམངས་དོན་ཁྲིམས་གཞུང་མང་ཚོགས་ཀྱི་ཉེ་འགྲམ་དང་མང་ཚོགས་ཀྱི་སེམས་སུ་ཟུག་པར་སྐུལ་འདེད་བཏང་ནས། གནས་སྤོ་མང་ཚོགས་ཀྱི་ཁྲིམས་སྐྱོང་འདུ་ཤེས་ཟབ་ཏུ་དང་ཁྲིམས་བཞིན་ཁེ་དབང་སྲུང་སྐྱོང་གི་ནུས་པ་ཆེ་རུ་གཏོང་ཆེད་རེད།

སྤྲོ་སྣང་དོད་པའི་འགོ་ཚུགས་ཞབས་བྲོ་བཀྲ་ཤིས་ཞོལ་པ་ནས་བྱེད་སྒོ་འགོ་བརྩམས་ཤིང་། འཁྲབ་སྟོན་པ་ཚོས་དམངས་དོན་ཁྲིམས་གཞུང་གི་འབྲེལ་ཡོད་ནང་དོན་ཐབས་མཁས་པོས་ལེ་ཚན་ནང་མཉམ་འདྲེས་བྱས་ཏེ་དམངས་དོན་ཁྲིམས་གཞུང་རྒྱུན་གཏན་འཚོ་བའི་ཁྲོད་བཀོལ་སྤྱོད་བྱེད་སྟངས་གསོན་ཉམས་དོད་པོས་མཚོན་པར་བྱས་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། བྱེད་སྒོའི་ཉིན་མོར་ཁྲིམས་སྐྱོང་དྲིལ་བསྒྲགས་དཔྱད་གཞིའི་ཡིག་རིགས་ཁག་1760ལྷག་ཙམ་སྤྲད་པ་དང་། མང་ཚོགས་ཀྱི་བཅའ་ཁྲིམས་བློ་འདྲི་མི་ཐེངས་25དང་ལེན་བྱས་པ། སློབ་གསོ་ཐོབ་མཁན་མི་གྲངས་900ལྷག་ཙམ་ཟིན་ཡོད།