《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年05月13日

ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་གྱི་ཆེད་དོན་དྲིལ་བསྒྲགས་བྱས་པ།

རིག་དངོས་དང་གནའ་བོའི་སྐྲུན་དངོས་ཀྱི་མེ་ཟོན་བདེ་འཇགས་དོ་དམ་གྱི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་དུས། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ་ཁག་ཏུ་བསྐྱོད་ནས་མེ་ཟོན་བདེ་འཇགས་ཀྱི་དྲིལ་བསྒྲགས་སློབ་གསོའི་ལས་དོན་སྤེལ་བ་རེད།

འདི་ནི་ཕོ་བྲང་པོ་ཏ་ལའི་མེ་ཟོན་རོགས་སྐྱོབ་རུ་ཆེན་གྱི་དྲིལ་བསྒྲགས་མི་སྣས་མང་ཚོགས་ལ་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁྱབ་གདལ་གཏོང་བཞིན་པ།