ཉེ་ཆར། རྒྱལ་ཁབ་དྲ་འཕྲིན་གཞུང་ལས་ཁང་གིས《མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་སྒྲིག་སྲོལ་དང་མཐུན་པའི་རྩིས་བཤེར་དོ་དམ་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དེའི་དམིགས་ཡུལ་ནི་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་མཁན་གྱིས་མི་སྒེར་གྱི་ཆ་འཕྲིན་སྲུང་སྐྱོང་དང་སྒྲིག་སྲོལ་དང་མཐུན་པའི་རྩིས་བཤེར་བྱེད་པར་མ་ལག་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ཀྱི་ཚད་གཞི་མཁོ་འདོན་བྱས་ནས་མི་སྒེར་གྱི་ཆ་འཕྲིན་ཐག་གཅོད་བྱེད་ཐབས་ཁྲིམས་དང་སྒྲིག་སྲོལ་དང་མཐུན་པའི་ཆུ་ཚད་མཐོ་རུ་བཏང་སྟེ། མི་སྒེར་གྱི་ཆ་འཕྲིན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དེ་རེད།