《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月29日

གཞིས་རྩེ་གྲོང་ཁྱེར་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཆེན་གྱིས་འོས་འགན་ཤིང་བཙུགས་ནས་བཅའ་སྡོད་བྱ་ཡུལ་སྔོ་ལྗང་ཅན་དུ་འགྱུར་ཐབས་བྱས་པ།

འདི་ནི་ཤིང་འཛུགས་ནགས་བཟོ་བྱེད་བཞིན་པ།

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་དུས། གཞིས་རྩེ་གྲོང་ཁྱེར་གྱིས་2025ལོའི་གྲོང་ཁྱེར་རིམ་པའི་འོས་འགན་ཤིང་འཛུགས་བྱེད་སྒོ་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་གདོང་དཀར་ཤང་གཙང་གདོང་གྲོང་ཚོའི་འཆར་འགོད་སྔོ་ལྗང་ཁུལ་དུ་སྤེལ་ཞིང་། ཉིན་དེར་གཞིས་རྩེ་གྲོང་ཁྱེར་གྱི་ནགས་ཚལ་མེ་ཟོན་སྤྱི་ཁྱབ་རུ་ཆེན་གྱིས་མེ་ཟོན་རོགས་སྐྱོབ་པ་30ལྷག་ཙམ་སྒྲིག་འཛུགས་བྱས་ནས་འོས་འགན་ཤིང་འཛུགས་བྱེད་སྒོའི་ནང་ཞུགས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་བཅའ་སྡོད་བྱ་ཡུལ་སྔོ་ལྗང་ཅན་དུ་འགྱུར་ཐབས་བྱས་པ་རེད།