《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月22日

རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས།

འཕྲལ་སྡོམ་སྲོག་སྐྱོབ་ཀྱི་རྩལ་ནུས་གསོ་སྦྱོང་བྱས་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། “ཉེན་རྟོག་པའི་སྙིང་སྟོབས་བརྟན་གཏོང་དང་། དམག་ཧྲག་སྦྱོང་བརྡར། སྤྱོད་ཚུལ་ལེགས་གཏོང་། འགན་འཁྲི་ནན་འཁུར”བཅས་ཀྱི་དངོས་འཐབ་དམག་སྦྱོང་ཆེན་པོ་དང་རྨང་གཞིའི་ལས་སྒོ་ལོ་གསུམ་མཐོར་གཏོང་གི་བྱ་སྤྱོད་སྔར་བས་གཏིང་ཟབ་སྤེལ་ཆེད། ཉེན་རྟོག་པར་གཟིགས་སྐྱོང་དང་། ཉེན་རྟོག་པར་དགའ་གཅེས། མི་དམངས་ཉེན་རྟོག་པའི་ལས་རིགས་བདེ་འཇགས་འགན་ལེན་སྐོར་གྱི་ཁྲིམས་འཛིན་པུའི་ལས་ཀའི་བླང་བྱ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ། ཅུས་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ་དང་ལས་བཟོའི་འཕྲལ་སྡོམ་སྲོག་སྐྱོབ་ཀྱི་འཇོན་ཐང་ཆེ་རུ་ཏན་ཏིག་གཏོང་བ། འཕྲལ་སྡོམ་སྲོག་སྐྱོབ་ཀྱི་སྟོབས་ཤུགས་གསོག་འཇོག་བཅས་བྱས་ནས“ཚང་མས་མྱུར་སྐྱོབ་རྩལ་ནུས་སྦྱོང་བ་དང་། ཚང་མས་མྱུར་སྐྱོབ་བྱེད་ཐུབ་པའི”རྣམ་པ་བཟང་པོ་གཏོད་ཆེད། ཉེ་ཆར། རང་སྐྱོང་ལྗོངས་བཙོན་ཁང་དོ་དམ་ཅུས་ཀྱིས་འཕྲལ་སྡོམ་སྲོག་སྐྱོབ་ཀྱི་རྩལ་ནུས་གསོ་སྦྱོང་སྒྲིག་འཛུགས་བྱས་ནས་སྤེལ་བ་རེད།

(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། པ་སངས་ཚེ་རིང་གིས་ཞུས)