《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年04月22日

རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གིས།

ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད།

དཔེ་ཀློག་འཛིན་གྲྭའི་ཐོག ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དོན་འཁྱོལ་ནན་ཏན་བྱ་རྒྱུ་ཁྲིད་སྟོན་དུ་བྱས་ཏེ་ཁྲིམས་འཛིན་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་འཐུས་ཚང་དུ་གཏོང་བ་དང་། ཞིབ་དཔྱོད་དབང་ཆ་སྤྱོད་པར་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། “འགན་འཁྲི་བཞི་མཐུན་སྦྱོར”གྱི་ལམ་སྲོལ་དོན་འཁྱོལ་བྱེད་ཟབ་ཏུ་གཏོང་བ་བཅས་ཀྱི་སྒོ་ནས་ཞིབ་དཔྱོད་དབང་ཆ་ཁྲིམས་བཞིན་སྤྱོད་པར་འགན་ལེན་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་དར་སྤེལ་བཏང་ནས་ལྷོད་གཡེང་མི་གཏོང་བ་དང་། མུ་མཐུད་སྒྲུབ་པ། སླར་ཡང་སྐྱོད་པ་བཅས་བྱས་ཏེ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དེ་ཞིབ་དཔྱོད་ལས་དོན་ཁྲོད་གོམས་སྲོལ་ཞིག་ཏུ་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་ནས། དུས་རབས་གསར་པའི་བོད་ཀྱི་ཞིབ་དཔྱོད་བྱ་གཞག་བརྟན་བགྲོད་རྒྱང་འཁྱོལ་ཡོང་བར་འགན་ལེན་བྱེད་དགོས་པ་བཅས་ཀྱི་ནན་བཤད་བྱས་ཡོད།

(པ་སངས་ཚེ་རིང་གིས་བསྒྱུར། པ་ཚེ་དང་བུ་ཁྲིད་ཀྱིས་ཞུས)