《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月15日

རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ།

ཀརྨ་ཚེ་བརྟན་ཞུགས་ནས་གསུང་བཤད་གནང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཏང་ཀྲུང་དབྱང་གི་གཅིག་གྱུར་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་བླང་བྱ་ལྟར། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་ཏང་ཙུའུ་ཡིས་ཉིན་གཅིག་དང་ཉིན་ཕྱེད་ཀྱི་དུས་ཚོད་སྤྱད་དེ་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང(རྒྱ་ཆེ)གི་སློབ་སྦྱོང་ཚོགས་འདུ་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པའི་སློབ་སྦྱོང་སློབ་གསོའི་དཔེ་ཀློག་འཛིན་གྲྭ་གཉེར་བ་རེད། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་དང་རང་སྐྱོང་ལྗོངས་སྲིད་གཞུང་ཏང་ཙུའུ་ཡི་ཧྲུའུ་ཅི་ཀརྨ་ཚེ་བརྟན་གྱིས་གཙོ་སྐྱོང་གནང་བ་རེད།

ཀརྨ་ཚེ་བརྟན་གྱིས་བསྟན་དོན། ཏང་གི་ཚོཌ་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་བཟོ་བ་དང་དོན་འཁྱོལ་བྱེད་པ་ནས་འགོ་བརྩམས་ཏེ། གོང་དཔེ་འོག་སྟོན་དང་འབད་བརྩོན་ལྷོད་མེད་ཀྱིས་ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་ལ་ཤུཌ་སྣོན་བརྒྱབ་པས། ཏང་སྲོལ་སྲིད་སྲོལ་གྱི་རྣམ་པ་གསར་རྐྱང་ཆཌ་པ་དང་སྤྱི་ཚོཌ་ཀྱི་དར་སྲོལ་དང་དམངས་སྲོལ་རྒྱུན་མཐུད་ལེཌ་སུ་སོང་ཡོད། ང་ཚོས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། (པར་ངོས་གཉིས་པར་གཟིགས)(པར་ངོས་དང་པོར་མཐུད) “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱེད་པ། ཟབ་སྦྱོང་མཐིལ་རྟོགས་ཀྱི་ལག་ལེན་ཁྲོད་ཆབ་སྲིད་ལ་འཛིན་པའི་ལྷག་བསམ་བརྟན་དུ་གཏོང་བ་དང་འགྱུར་མེད་སྟོབས་ལྡན་གྱི་ཏང་གཤིས་ཞུན་བརྡར་བཅས་བྱས་ནས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དེ་ལས་དོན་དང་ལྷུ་ཚིགས་ཚང་མར་དོན་འཁྱོལ་ཡོང་བར་བྱས་ཏེ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དང་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་ལག་བསྟར་བྱེད་མཁན་དང་། དོན་འཁྱོལ་བྱེད་མཁན། དངོས་སྒྲུབ་བྱེད་མཁན་བཅས་ཡག་པོ་ཞིག་བྱེད་དགོས།

ཀརྨ་ཚེ་བརྟན་གྱིས་ནན་བཤད་གནང་དོན། ཟབ་སྦྱོང་མཐིལ་རྟོགས་ཀྱི་ལག་ལེན་ཁྲོད་ཚད་གཞི་དང་ཡང་ཡང་བསྡུར་ནས་ལག་བསྟར་བྱས་ཏེ། “སྤྱོད་ཚུལ་བཞི”ཡོ་བསྲང་བྱེད་པ་དེ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་། ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ། བཅོས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་དང་ཟུང་འབྲེལ་བྱས་ནས། སྲིད་གཞུང་ཏང་ཙུའུ་ཡིས་སྣེ་ཁྲིད་དེ་སྤྱོད་ཚུལ་ལེགས་སུ་གཏོང་བ་དང་། ཏང་ཙུའི་ཁོངས་མིས་རང་དཔེ་གཞན་སྟོན་དང་མིག་དཔེ་ཡག་པོ་འདོན་པ། “ཟ་མཁས་འཐུང་མཁས”ཀྱི་བླང་བྱ་མཐའ་གཅིག་ཏུ་དོན་འཁྱོལ་བྱེད་པ། ཕྱི་ཚུལ་རིང་ལུགས་རྒྱུན་མཐུད་བཅོས་སྒྲིག་གཏིང་ཟབ་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བ་བཅས་བྱས་ཏེ། “འཕྲལ་མར་སྒྲུབ་པ་དང་དངོས་འཛིན་དངོས་སྒྲུབ་བྱེད་པ”དེ་སྲིད་གཞུང་གི་མངོན་གསལ་དོད་ཤོས་ཀྱི་ཁྱད་ཆོས་ཤིག་ཏུ་འགྱུར་བར་བྱེད་དགོས། ཟབ་སྦྱོང་མཐིལ་རྟོགས་ཀྱི་ལག་ལེན་ཁྲོད་དམངས་ལ་བཅངས་པའི་བརྩེ་བ་ཟབ་ཏུ་བཏང་སྟེ་ཡང་དག་པའི་སྲིད་དོན་ལས་རྗེས་ཀྱི་ལྟ་བ་བརྟན་པོར་འཛུགས་པ་དང་། མི་དམངས་ཀྱི་ལངས་ཕྱོགས་སུ་བརྟན་པོར་ལངས་པ། མང་ཚོགས་ཀྱི་བསམ་ཚུལ་རང་འགུལ་ངང་ཉན་པ། མང་ཚོགས་ཀྱི་དཀའ་ངལ་ཐག་གཅོད་ཧུར་ཐག་བྱེད་པ། མང་ཚོགས་ཀྱི་ལྟ་སྐུལ་རང་རྟོགས་ངང་དང་ལེན་བྱེད་པ་བཅས་བྱས་ནས་མི་དམངས་དང་ཤ་ཁྲག་ལྟ་བུའི་འབྲེལ་བ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱེད་དགོས། ཟབ་སྦྱོང་མཐིལ་རྟོགས་ཀྱི་ལག་ལེན་ཁྲོད་བརྩོན་པ་ལྷུར་ལེན་གྱི་སྙིང་སྟོབས་འཕེལ་བར་བྱས་ཏེ།“དོན་ཆེན་བཞིར”དམིགས་པ་དང“འཛུགས་གཏོད་བཞིར”ཤུགས་བརྒྱབ་ནས་སློབ་སྦྱོང་སློབ་གསོ་དེ་མིག་སྔའི་ལྟེ་བའི་ལས་དོན་དང་ཟུང་འབྲེལ་བྱེད་པ་དང་། འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་ཡག་པོ་བྱེད་པ། ནུས་ཤུགས་ཡོད་རྒུས་རྣམ་གྲངས་དམ་འཛིན་དང་། འཕར་སྣོན་བརྟན་དུ་གཏོང་བ། ནང་མཁོ་རྒྱ་ཆེར་གཏོང་བ། ཐོན་ལས་སྟོབས་ཆེར་གཏོང་བ། སྒོ་དབྱེར་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་འདོགས་པ། “འཇུག་སྒོ་ཆུང་ངུར”བརྟེན་ནས“འགྱུར་ལྡོག་ཆེན་པོར”སྐུལ་འདེད་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པ”བདེ་བླག་ངང་མཇུག་བསྡུ་ཐུབ་པ་དང“ལོ་ལྔ་ཚན་བཅོ་ལྔ་པ”བདེ་བླག་ངང་འགོ་འཛུགས་ཐུབ་པའི་འགན་ལེན་བཅས་བྱས་ཏེ། གཡུར་ཟའི་གྲུབ་འབྲས་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

(དབང་སྒྲོན་སྐྱིད་ཀྱིས་བསྒྱུར། ཚེ་སྒྲོལ་གྱིས་ཞུས)