《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年04月08日

སྒྱུར་རྩོམ་ཁག་ལྔ།

མཛུབ་རིས་ལྔ་ལྷག་རྒྱུ་རེད།

ཨ་ཕན་བདེ་སློབ་གྲྭར་ཕྱིན་ཏེ་ཡུན་རིང་མ་སོང་བར། ཉིན་ཞིག་ཁྱིམ་དུ་ལོག་ནས་དགའ་སྤྲོའི་ངང་ཕ་ལ། ཨ་ཕ། དེ་རིང་རྒན་ལགས་ཀྱིས་ང་ཚོར་རྩིས་རིག་བསླབས་གནང་སོང་། ངས་བསྡོམས་རྩིས་དང་འཐེན་རྩིས་ཤེས་བྱུང་ཞེས་བརྗོད། ཕས་དགྱེས་ཚོར་ཆེན་པོས། ཨེ་རེད། འོ་ན། ངས་ཁྱོད་ལ་རྒྱུགས་ཤིག་ལེན། གལ་ཏེ་ཁྱོད་ཀྱི་གཅེན་པོའི་ལག་ཏུ་བྱི་རིལ་རྐང་དྲུག་ཡོད་པ་དང་། ཁྱོད་ཀྱིས་གཅེན་པོའི་ལག་ནས་བྱི་རིལ་ལྔ་ཁྱེར་ན་ད་དུང་བྱི་རིལ་རྐང་ག་ཚོད་ལྷག་གི་རེད་དམ་ཞེས་དྲིས་པར། ཨ་ཕན་བདེས་དེ་འཕྲལ་ངོ་ལ་རེག་ཙམ་བྱས་ནས། ད་དུང་ཅི་ཞིག་ལྷག་གི་རེད་དམ། ངའི་ངོ་གདོང་ཐོག་གཅེན་པོའི་མཛུབ་རིས་ལྔ་ལྷག་རྒྱུ་རེད་ཅེས་ལན་བཏབ།

གལ་སྲིད་ཁྱི་ཡིན་ན།

སྐུ་ངོ་རྫོང་གིས་ཨ་ཕན་བདེ་ལ། ཨ་ཕན་བདེ། ཁྱོད་ཀྱིས་ངའི་ཆུ་དཔོན་ཁྱི་རེད་ཅེས་དམའ་ཕབ་དོན་ཅི་ཡིན་ཞེས་རྒྱུ་མཚན་དྲིས་པར། ཨ་ཕན་བདེས། མ་རེད། སྐུ་ངོས་རྫོང་དཔོན་མཆོག གུས་པས་དེ་འདྲ་ཞུས་མེད། གལ་སྲིད་སྐུ་ངོས་ཀྱི་ཆུ་དཔོན་ནི་དངོས་འབྲེལ་ཁྱི་ཡིན་ཚེ། ཁྱེད་རང་ལ་སོ་བརྒྱབ་ནས་ཐེར་ཚལ་སྦ་ཚལ་བཟོ་གི་མ་རེད་དམ། གུས་པས་ལྟ་དུས་ཁྱེད་རང་གི་བཞིན་མདངས་སྔར་ལྟར་ཡག་པོ་འདུག་ཅེས་བཤད་དེ་དག་འབུད་བྱས།

ང་ཚོ་ཇི་ལྟར་ཐུག་པ་ཡིན་ནམ།

ཨ་ཕན་བདེ་ཆུང་ཆུང་གིས་ཕ་ལ། པཱ་ལགས། ཁྱེད་རང་གི་འཁྲུངས་ཡུལ་གང་དུ་རེད་ཅེས་དྲིས་པ་ན། ཕས། མཚོ་འགྲམ་གྱི་ཕ་ཡུལ་དུ་སྐྱེས་པ་རེད་ཅེས་ལན་བཏབ། ཨ་ཕན་བདེ་ཆུང་ཆུང་གིས་སླར་ཡང་། འོ་ན། ཨ་མ་ལགས་ཀྱི་འཁྲུངས་ཡུལ་གང་དུ་རེད་ཅེས་དྲིས་པར། ཕས། གྲོང་ཁྱེར་རྙིང་པར་སྐྱེས་པ་རེད་ཅེས་ལན་བཏབ། ཨ་ཕན་བདེ་ཆུང་ཆུང་གིས་སླར་ཡང་། འོ་ན། ངའི་སྐྱེས་ཡུལ་གང་དུ་རེད་ཅེས་དྲིས་པར། ཕས། གྲོང་ཁྱེར་གསར་པར་སྐྱེས་པ་རེད་ཅེས་ལན་བཏབ་པར། ཨ་ཕན་བདེས་ཡང་བསྐྱར། དངོས་འབྲེལ་ཆོབ་ཚ་བ་ལ་ཨང་། བྱས་ན་ང་ཚོ་ཇི་ལྟར་ཐུག་པ་རེད་ཅེས་དྲིས་ཏེ་ཐེ་ཚོམ་གྱི་ཀློང་དུ་ཚུད། (སྐལ་ཚེས་བསྒྱུར)