འདི་ག་ཚགས་པར་ཁང་དུ་ཉིང་ཁྲི་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་ཉིང་ཁྲི་ས་ཁུལ་གྱི་ས་བབ་སྨི་4000ལྷག་ཙམ་ཟིན་པའི་རྒྱལ་ལམ་318ཀྱི་སེར་སྐྱེམས་ལའི་ལམ་དུམ་དུ་གངས་ཆེན་པོ་བབས་ཏེ། འགྲོ་ལམ་ཡོངས་སུ་འཁྱགས་པ་ཚབས་ཆེན་ཐེབས་ནས་རླངས་འཁོར་དང་མི་མང་པོ་དེ་གར་ལུས་ཡོད། དམག་ཞབས་ཐིམ་པའི་དམག་མི་རྒན་གྲས་སྐྱེལ་བཞིན་པའི་བོད་དམག་ཁུལ་ཁང་གི་དཔུང་སྡེ་ཞིག་གི་དཔོན་དམག་ཚོས་ས་གནས་དེ་གའི་འགྲིམ་འགྲུལ་སྡེ་ཚན་ལ་གཞོགས་འདེགས་ཞུས་ཏེ། གངས་རླུང་ཁྲོད་དུས་ཚོད་དམ་འཛིན་གྱིས་འགྲོ་ལམ་བཤངས་པ་རེད།