《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年03月25日

༄༅། །རིགས་ཀྱི་མཛངས་མ།

ཁམས་ཟླ་སྲས།

ཁོག་གཤིས་རྒྱུད་ཧ་ཅང་དྲང་མོ་སྟེ། །

ལུག་གཡང་དཀར་བལ་ལས་འཇམ་པ་ཞིག །

གཟུགས་ལང་ཚོའི་མེ་ཏོག་གང་དུ་བཞད། །

ས་མཐོ་སྒང་རུ་བའི་མཛངས་མ་ལགས། །

ཕྱག་འུར་རྡོ་དཀར་ནག་ཕྲ་རྒྱན་ཅན། །

ལུས་བོད་ལྭ་གྱོན་པའི་ན་ཆུང་སྟེ། །

ཕྱུགས་ནོར་ལུག་འཚོ་བའི་གཞོན་སྐྱེས་མ། །

ས་སྤང་གཞུང་ཐང་ནས་འཚར་ལོངས་བྱུང་། །

མིག་ཁྲ་ཆུང་ཡག་པས་མི་ཚད་པར། །

ངག་སྲོལ་རྒྱུན་གླུ་དབྱངས་སྙན་སེ་སྙན། །

སྡེ་ཆེན་པོའི་གྲོང་གི་ཨ་ཅེ་ཁྱོད། །

ནང་ཤེས་རབ་ཅན་གྱི་ལྷ་མོ་ཞིག །

འདང་བརྩེ་བ་ལྷད་མེད་དུང་ལས་དཀར། །

ཁྲེལ་ཕྱི་ཐག་ཆུ་བོའི་རྒྱུན་ལས་རིང་། །

ན་མེ་ཏོག་ར་བའི་འཇོ་སྒེག་གིས། །

ཁྱོད་དྲན་པའི་ཡིད་སེམས་ལྷག་ཏུ་འགུལ། །