《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月18日

ལོ་གསར་ཁྲོམ་ར་འཁྲུག མཁོ་ཆས་སྣ་ཁ་འཛོམས།

བོད་ཀྱི་ལོ་གསར་འཆར་ལ་ཉེ་བའི་མཚམས་འདིར། ལྷ་སའི་དུས་ཆེན་གྱི་ཁྲོམ་ར་འཁྲུག་ཆ་དོད་དུ་སོང་སྟེ། ཁྲོམ་གཞུང་དང་སྲང་ལམ་གང་སར་ལོ་གསར་གྱི་མཁོ་ཆས་ཉོ་བའི་གྲོང་མི་མང་ཚོགས་ཀྱིས་ཁེངས་པ་དང་། ཁ་ཟས་དང་། རྩེ་སྒྲོ ཤིང་ཏོག ཤ་དང་སྒོ་ང་འོ་མ་སོགས་ཐོན་རྫས་སྣ་ཚོགས་ཕུན་སུམ་ཚོགས་པས། དུས་ཆེན་གྱི་རྣམ་པ་སྔར་བས་ཟབ་ཏུ་ཕྱིན་ཡོད།

འདི་ནི་གྲོང་མི་མང་ཚོགས་ཀྱིས་སྒོ་རྩིས་ཚོང་ཁང་ནས་ཤིང་ཏོག་ཉོ་བཞིན་པ།

འདི་ནི་གྲོང་མི་མང་ཚོགས་ཀྱིས་ལོ་གསར་གྱི་མཁོ་ཆས་ཁྲོམ་ར་ནས་ཤིང་ཕོར་འདེམས་བཞིན་པ།