འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ཉེན་དམངས་དབར་གྱི་འཆམ་མཐུན་ལ་སྐུལ་འདེད་དང་། ལྷ་སའི་དམིགས་བསལ་ཉེན་རྟོག་པའི་ལས་དོན་དང་དཔུང་ཁག་འཛུགས་སྐྱོང་གི་གྲུབ་འབྲས་གང་ལེགས་མངོན་པ། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་ལེགས་སྐྱེས་འབུལ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་དམིགས་བསལ་ཉེན་རྟོག་ཡན་ལག་རུ་ཁག་གིས“ལྷག་བསམ་རྣམ་དག་ངང་ཉེན་རྟོག་པའི་བླ་སྲོག་དང་དམག་ཧྲག་གཏོད་པའི”བརྗོད་དོན་གཙོ་བོའི་ཉེན་རྟོག་པའི་སྒར་ས་སྒོ་དབྱེའི་ཉིན་མོའི་བྱེད་སྒོ་སྤེལ་ནས་རིམ་ཁག་ཚན་པ་དང་། མི་དམངས་ཉེན་རྟོག་པ་དང་ལས་རོགས་ཉེན་རྟོག་པའི་ནང་མི། ལས་བྱེད་པ་རྒན་གྲས་ཀྱི་འཐུས་མི། ཁོངས་གཏོགས་ཁུལ་གྱི་མང་ཚོགས་སོགས་མི་200ལྷག་ཙམ་ཉེན་རྟོག་སྒར་སར་གདན་དྲངས་ཏེ་ཉེན་རྟོག་སྒར་སའི་ཡིད་དབང་འཕྲོག་ཤུགས་དང“ཉེན་རྟོག་པའི”གཟི་བརྗིད་ཚོར་ཐུབ་པར་བྱས་ཡོད།
བྱེད་སྒོར་དམིགས་བསལ་ཉེན་རྟོག་རུ་མིས་མི་མེད་གནམ་གྲུ་དང་། ཉེན་རྟོག་པའི་དྲག་རྩལ། དམག་ཁྱི་སྤྱོད་སྟངས། དམིགས་བསལ་ཕྱོགས་བསྡུས་འཐབ་རྩལ། ཚ་ཁ་ལྟ་བ་སོགས་རིགས་ཀྱི་རྩལ་ནུས་གཅིག་སྡུད་ཐོག་མངོན་པར་བྱས་པ་མ་ཟད། ད་དུང་གོ་མཚོན་སྒྲིག་ཆས་དང་དམིགས་བསལ་རླངས་འཁོར་ཡང་འགྲེམས་སྟོན་བྱས་པ་རེད།