《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》







2025年02月11日

གེགས་ཁུལ་གྱི་མང་ཚོགས་བློ་བདེ་བག་ཕེབས་ངང་ལོ་གསར་གཏོང་བ།

དཔྱིད་གསར་དུས་ཆེན་གྱི་གནམ་གང་དགོང་མོར། གསར་འགོད་པ་སླར་ཡང་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་གི་ས་ཡོམ་རིམ་པ་6.8ཀྱི་གེགས་རྗེས་བཀོད་སྒྲིག་བྱ་ཡུལ་དུ་འབྱོར་དུས། དིང་རི་རྫོང་གི་ས་ཡོམ་གནོད་འཚེ་ཕོག་ཆེ་ཤོས་ཀྱི་ཤང་གསུམ་གྱི་སྟབས་བདེའི་ཁང་པའི་འཛུགས་སྐྲུན་ལས་དོན་ཡོངས་སུ་ལེགས་གྲུབ་ཟིན་པ་དང་། མང་ཚོགས་ཁྲི་1ལྷག་ཙམ་ཚང་མ་དྲོ་སྐྱིད་དང་དཀར་ཆ་དོད་པའི་སྟབས་བདེའི་ཁང་པར་སྤོས་པ་ཤེས་རྟོགས་བྱུང་། བཀོད་སྒྲིག་བྱ་ཡུལ་དུ་ལོ་གསར་གྱི་རྣམ་པས་ཁེངས་ཤིང་། ཚང་མ་དགའ་དགའ་སྤྲོ་སྤྲོའི་ངང་དཔྱིད་གསར་དུས་ཆེན་དགའ་གཏོང་བྱེད་བཞིན་ཡོད་པ་རེད།