《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月28日

དམངས་དོན་ཁྲིམས་གཞུང་ལས་དངོས་དབང་སྐོར་གྱི་དྲི་བ་དྲིས་ལན།

འདས་པོའི་མིང་གྲགས་ལ་དམའ་འབེབས་དང་སྙོན་འཛུགས་བྱས་ཚེ་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་སམ།

དོན་ཚན་དགུ་བརྒྱ་དང་གོ་བཞི་པ། འདས་པོའི་རུས་མིང་དང་། འདྲ་བརྙན། མིང་གྲགས། མཚན་སྙན། སྒེར་གསང་། བེམ་པོ་སོགས་ལ་གནོད་འཚེ་བཏང་ན་དེའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ལ་བྱ་སྤྱོད་སྤེལ་མིས་དམངས་དོན་འགན་འཁྲི་འཁུར་དགོས་པ་ཁྲིམས་ལྟར་རེ་འདུན་འདོན་དབང་ཡོད། འདས་པོ་ལ་བཟའ་ཟླ་དང་བུ་ཕྲུག་མེད་ལ་ཕ་མ་ཡང་འདས་ཟིན་པ་ཡིན་ན། དེའི་གཉེན་ཉེ་གཞན་དག་ལ་བྱ་སྤྱོད་སྤེལ་མིས་དམངས་དོན་འགན་འཁྲི་འཁུར་དགོས་པ་ཁྲིམས་ལྟར་རེ་འདུན་ འདོན་དབང་ཡོད།

ཁྲིམས་ལུགས་འཆད་སྟེགས།

འདས་པོའི་མི་གཞིར་བཅའ་ཁྲིམས་ཀྱི་སྲུང་སྐྱོབ་ཐོབ་ཀྱི་ཡོད། འདས་པོའི་རུས་མིང་དང་། འདྲ་བརྙན། མིང་གྲགས། མཚན་སྙན། སྒེར་གསང་། བེམ་པོ་སོགས་མི་གཞིར་གཞན་གྱི་གནོད་འཚེ་ཕོག་པ་དཔེར་ན། ཆོག་འཁྲོལ་མ་ཐོབ་པར་རང་དགར་འདས་པོའི་མིང་དང་། འདྲ་བརྙན་སྤྱོད་པ་དང་། དམའ་འབེབས་དང་སྙོན་འཛུགས་སོགས་བྱེད་སྟངས་བརྒྱུད་འདས་པོའི་མིང་གྲགས་དང་མཚན་སྙན་ལ་གནོད་འཚེ་གཏོང་བ། འདས་པོའི་སྒེར་གསང་དང་མི་སྒེར་གྱི་ཆ་འཕྲིན་ཁྲིམས་འགལ་གྱིས་ཕྱིར་བསྒྲགས་དང་བེད་སྤྱོད་བྱེད་པ། འདས་པོའི་བེམ་པོ (ཕུང་པོ་དང་། ཕུང་རུས། པུར་ཐལ་བཅས་ཚུད་པ) ཁྲིམས་འགལ་གྱིས་བེད་སྤྱོད་དང་གནོད་འཚེ་གཏོང་བ་སོགས་རེད། གནས་ཚུལ་དེ་རིགས་འོག་འདས་པོའི་བཟའ་ཟླ་དང་། བུ་ཕྲུག ཕ་མ་བཅས་ཀྱིས་བྱ་སྤྱོད་སྤེལ་མཁན་ལ་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་འདུན་འདོན་དབང་ཡོད་པ་དང་ཕ་རོལ་པོར་མིང་གྲགས་ལ་གནོད་འཚེ་གཏོང་མཚམས་འཇོག་པ་དང་མིང་གྲགས་སླར་གསོ་བྱེད་དགོས་པ་དང་འབྲེལ། བསམ་བློའི་གྱོང་གུན་གསབ་རྒྱུའི་རེ་འདུན་འདོན་ཆོག གལ་ཏེ་འདས་པོར་བཟའ་ཟླ་དང་བུ་ཕྲུག མེད་ལ་ཕ་མའང་འདས་ཟིན་པ་ཡིན་ན་གཉེན་ཉེ་གཞན་དག་ལ་ཁྲིམས་ལྟར་བྱ་སྤྱོད་སྤེལ་མིས་དམངས་དོན་འགན་འཁྲི་འཁུར་དགོས་པའི་རེ་འདུན་འདོན་དབང་ཡོད།

ཁང་པ་ཉོ་སྐབས་ངས་མཚམས་སྦྱོར་པ་ལས་གཡོལ་ཏེ་ཁང་བདག་དང་གན་རྒྱ་བཞག་ཆོག་གམ།

དོན་ཚན་དགུ་བརྒྱ་དང་རེ་ལྔ་པ། མངག་བཅོལ་བྱེད་མིས་མཚམས་སྦྱོར་བྱེད་མིའི་ཞབས་ཞུ་དང་ལེན་བྱས་རྗེས། མཚམས་སྦྱོར་བྱེད་མིས་འདོན་སྤྲོད་བྱས་པའི་ཉོ་འཚོང་གོ་སྐབས་སམ་མཚམས་སྦྱོར་ཞབས་ཞུ་བེད་སྤྱོད་བྱས་པ་དང་། མཚམས་སྦྱོར་བྱེད་མི་ཟུར་དུ་བསྐྱུར་ནས་ཐད་ཀར་གན་རྒྱ་བཞག་པ་ཡིན་ན། མཚམས་སྦྱོར་བྱེད་མིར་གླ་ཆ་རྩིས་སྤྲོད་བྱེད་དགོས།

ཁྲིམས་ལུགས་འཆད་སྟེགས།

མཚམས་སྦྱོར་གྱི་གན་རྒྱ་ནི་མཚམས་སྦྱོར་པས་མངག་བཅོལ་བྱེད་མི་ལ་གན་རྒྱ་འཇོག་པའི་གོ་སྐབས་སྙན་སེང་ཞུ་བའམ་གན་རྒྱ་འཇོག་པའི་མཚམས་སྦྱོར་ཞབས་ཞུ་འདོན་སྤྲོད་བྱེད་པ་དང་། མངག་བཅོལ་བྱེད་མིས་གླ་ཆ་སྤྲོད་པའི་གན་རྒྱ་ཞིག་ཡིན། 《དམངས་དོན་ཁྲིམས་གཞུང》ནང་མཚམས་སྦྱོར་སྤོ་སྒྱུར་བྱས་མི་ཆོག་ཅིང་། མངག་བཅོལ་པས་སྤོ་སྒྱུར་བྱས་ཚེ། མཚམས་སྦྱོར་བར་སྔར་བཞིན་གླ་ཆ་སྤྲོད་དགོས་པའི་གཏན་འབེབས་བྱས་ཡོད། གཏན་འབེབས་དེ་ནི་ཁ་དན་ཚིག་གནས་རྩ་དོན་ལས་འགལ་བའི་མངག་བཅོལ་པར་མཇུག་འབྲས་མི་ལེགས་པ་འཁུར་དུ་བཅུག་ཆེད་ཡིན་ལ། དེ་དང་དུས་མཚུངས་མཚམས་སྦྱོར་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱས་པ་ཞིག་ཀྱང་ཡིན།

འགྲིམ་འགྲུལ་ཡོ་བྱད་སྟེང་། འགྲུལ་པས་རང་ཉིད་ཀྱི་སྡོད་གནས་གཞིར་བཟུང་མ་བསྡད་པར་སྡོད་གནས་ཧབ་ཐོབ་བརྒྱབ་ཆོག་གམ།

དོན་ཚན་བརྒྱད་བརྒྱ་དང་བཅོ་ལྔ་པ། འགྲུལ་པས་རྩིས་འགྲོ་ཡོད་པའི་འགྲུལ་འཛིན་ཐོག་བཀོད་པའི་དུས་ཚོད་དང་། རེས་ཐེངས། རྐུབ་བཀྱག་ཨང་རྟགས་བཅས་ལྟར་འགྲུལ་སྡོད་བྱེད་དགོས། ཁྲིམས་ལུགས་འཆད་སྟེགས། རྒྱུན་གཏན་གྱི་སྐྱེལ་འདྲེན་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད་དང་། འགྲུལ་པའི་མི་ལུས་དང་། རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། འགྲུལ་པ་དང་སྐྱེལ་འདྲེན་པས་འགྲུལ་སྐྱེལ་གན་རྒྱའི་ཁྲོད་ཀྱི་འོས་འགན་ལ་བརྩི་སྲུང་བྱེད་དགོས།

ཁྲིམས་ལུགས་འཆད་སྟེགས།

རྒྱུན་གཏན་གྱི་སྐྱེལ་འདྲེན་སྒྲིག་ལམ་སྲུང་སྐྱོང་བྱ་ཆེད་དང་། འགྲུལ་པའི་མི་ལུས་དང་། རྒྱུ་ནོར་བདེ་འཇགས་ལ་སྲུང་སྐྱོབ་བྱ་ཆེད། འགྲུལ་པ་དང་སྐྱེལ་འདྲེན་པས་འགྲུལ་སྐྱེལ་གན་རྒྱའི་ཁྲོད་ཀྱི་འོས་འགན་ལ་བརྩི་སྲུང་བྱེད་དགོས།