《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月28日

2025ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས།

གྲངས་གཞིའི་ཐོག་ནས། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གླེང་བ།

2024ལོ།

2024ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་75འཁོར་བའི་ལོ་ཞིག་དང“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་བྱེད་པའི་འགག་རྩའི་ལོ་ཞིག་རེད།

རྒྱུགས་ལན་གཟེངས་སུ་ཐོན་པ་ཞིག་ཕུལ་བ།

▶ ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་6.3%འཕར་བ་དང་།

▶ གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་18.3%འཕར་བ།

▶ གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་6.8%དང་8.3%སོ་སོར་འཕར་བ།

▶ དཔལ་འབྱོར་གྱི་དམིགས་ཚད་གཙོ་བོ་འཕར་ཚད་མུ་མཐུད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་པ་བཅས་རེད།

བརྟན་ལྷིང་།

མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་སྣང་དང་བློ་ཡིད་ཚིམ་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ་དང་།

མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཁུལ་འཛུགས་གཏོད་ཏན་ཏིག་བྱས་པ།

མཉམ་སྡེབ14དང་མི་སྒེར་15ལ་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་གཟེངས་བསྟོད་ཐོབ་པ་བཅས་རེད།

འཕེལ་རྒྱས།

སྒྲིག་ཆས(ཚང་སྒྲིག)ཁྲི་6.5གསར་སྒྱུར་བྱས་པ་དང་འཛད་སྤྱོད་དངོས་ཟོག་རྙིང་ཚབ་གསར་བརྗེས་ལ་བརྟེན་ནས་ཕྱིར་འཚོང་བྱས་པའི་དངུལ་འབོར་སྒོར་དུང་ཕྱུར་19.5ཟིན་པ་དང་།

“བདེ་སྐྱིད་ལྡན་པའི་བོད་ལྗོངས། དགའ་སྐྱིད་ལྡན་པའི་འཚོ་བ”ཞེས་པས་འཛད་སྤྱོད་དངུལ་སྒོར་དུང་ཕྱུར་38.4ཡོང་བར་ཐད་ཀར་སྐུལ་ཁྲིད་བྱས་པ།

འབྲུ་རིགས་ཐོན་འབོར་ཏུན་ཁྲི་110ལས་བརྒལ་བ་དང་ཐོན་ལས་དང་པོའི་འཕར་ཐང་10%ཡན་འཕར་བ།

ས་མཐོའི་ཐབ་ཆས་ཁྱོན་ཁྲི་112བཙོངས་པ།

ལོ་འཁོར་མོར་ཚོང་འགུག་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་674དོན་འཁྱོལ་བྱུང་བ།

དམངས་གཉེར་དཔལ་འབྱོར་གྱི་གསོན་ཤུགས་ཇེ་ཆེར་སོང་བ་དང་དམངས་ཁྲོད་ཀྱི་མ་དངུལ་འཇོག་ཚད་52.9%འཕར་བ།

སྲོལ་རྒྱུན་མཐའ་མཚམས་ཚོང་དོན་ས་ཚིགས་14ཡི་སྒོ་མོ་བསྐྱར་དུ་ཕྱེ་ནས་བོད་ཀྱི་ཡུལ་ཟོག་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང་ཕྱི་རྒྱལ་དུ་བཏང་བ།

མ་དངུལ་སྒོར་དུང་ཕྱུར་129བཏང་ནས་ནུས་ཤུགས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཁག་21བསྒྲུབས་པ།

ས་མཐོའི་མཛེས་མཐུན་གྲོང་ཚོ་ཁག་300གསར་སྐྲུན་བྱས་པ།

ནུས་ཁུངས་གཙང་མའི་གཅིག་སྡུད་དྲོད་གཏོང་གི་ཚོད་ལྟ་བྱས་པར་ཕན་པ་ཐོབ་མཁན་མང་ཚོགས་མི་ཁྲི་20ལས་བརྒལ་བ།

ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཀར་ཞུགས་ཚད་95%ཡན་ཟིན་པ།

ཞིང་འབྲོག་མང་ཚོགས་ཁྲི་64.8གནས་སྒྱུར་ལས་ཞུགས་ཐུབ་པ།

གྲོང་ཁྱེར་དང་གྲོང་རྡལ་དུ་ལས་ཞུགས་ཐུབ་པའི་མི་གྲངས་ཁྲི་5.1མང་དུ་སོང་བ་བཅས་རེད།

སྐྱེ་ཁམས།

ལྷོ་བྱང་རི་བོ་སྔོ་འགྱུར་ལས་གྲྭས་སོན་འདེབས་ནགས་གསོ་སོགས་མུའུ་ཁྲི་70ཙམ་ལེགས་པར་བསྒྲུབས་པ་དང་།

ཁོར་ཡུག་གི་མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས་ཀྱི་བསྡུར་ཚད་99%ཡན་རྒྱུན་འཁྱོངས་ཐུབ་པ།

གཙང་པོ་དང་མཚོ་མཚེའུ་གཙོ་གྲས་ཀྱི་ཆུ་སྤུས་རིགས་IIIཚད་གཞིར་སླེབས་པའམ་ཡང་ན་དེ་ལས་ལེགས་པ།

མིས་བཟོས་ནགས་ཚལ་གྱི་ཐཱན་འདུས་ལ་ཞིབ་དཔྱད་ཚད་ལེན་བྱེད་པའི་དཔེ་སྟོན་རྟེན་གཞི་ཐོག་མར་བཙུགས་པ།

འབྱུང་འཕྲོད་གློག་ཤུགས་ཉོ་ཚོང་ཐེངས་དང་པོ་བྱས་པ་བཅས་རེད།

མཐའ་སྟོབས།

རྒྱལ་ཁབ་ཀྱི་མཐའ་བརྟན་དང་མཐའ་དར་དམངས་ཕྱུག་གི“ལས་གྲྭ་ཆེན་པོ་བདུན”ལག་བསྟར་ཤུགས་ཆེན་བྱས་པ་དང་།

མཐའ་མཚམས་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་སྤྱི་པའི་ཞབས་འདེགས་ཞུ་སྟངས་མུ་མཐུད་ལེགས་སུ་བཏང་བ།

བློ་རིག་མཐའ་སྲུང་འཛུགས་སྐྱོང་ལ་སྐུལ་སྤེལ་ཏན་ཏིག་བཏང་བ།

མཐའ་མཚམས་ཀྱི་ཡུལ་མིའི་ཡོང་འབབ་འཕར་མགྱོགས་པོ་ཡོང་བར་བྱས་པ་བཅས་རེད།

2025ལོ།

གོ་སྐབས་དམ་འཛིན། གདེང་ཚོད་བརྟན་གཏོང་།

ད་ལོ་ནི“ལོ་ལྔ་ཚན་བཅུ་བཞི་པའི”འཆར་འགོད་ཀྱི་མཇུག་བསྡུའི་ལོ་དང་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བའི་ལོ་ཞིག་རེད་ལ། སྐབས་འདིའི་སྲིད་གཞུང་གིས་ཕྱོགས་ཡོངས་ནས་འགན་འཁྲི་སྒྲུབ་པའི་སྔ་རྗེས་རྒྱུན་མཐུད་ཀྱི་ལོ་ཞིག་ཀྱང་རེད།

ང་ཚོའི་གོ་སྐབས་ནི་སྔར་ན་མེད་པ་དང་ང་ཚོའི་གདེང་ཚོད་ནི་ཧ་ཅང་བརྟན་པོ་ཡོད།

གོ་སྐབས་དང་གདེང་ཚོད།

● སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་ཐུགས་ཁུར་དང་།

● རང་སྐྱོང་ལྗོངས་དབུ་བརྙེས་ཚུན་ཐོབ་པའི་གྲུབ་འབྲས་རླབས་པོ་ཆེ།

● ཏང་དང་རྒྱལ་ཁབ་ཀྱི་ལས་དོན་གྱི་སྤྱི་ཡོངས་ཁྲོད་ཉིན་རེ་བཞིན་མངོན་གསལ་དོད་དུ་སོང་བའི་བོད་ཀྱི་ཐབས་ཇུས་གནས་བབ།

● རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་ཀྱིས་འབད་འབུངས་གསར་གཏོད་བྱས་པའི་རྣམ་པ་གསར་པ།

དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི།

◆ ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%ཡན་འཕར་བ་བྱས་ནས་8%ཟིན་པ་བྱ་རྒྱུ་དང་།

◆ སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཚད་15%ཡན་འཕར་བ་བྱས་ནས་20%ཟིན་པ་བྱ་རྒྱུ།

◆ སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་8%ཡན་འཕར་བ་བྱས་ནས་10%ཟིན་པ་བྱ་རྒྱུ།

◆ གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་16%འཕར་བ་བྱ་རྒྱུ།

◆ གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%དང་10%སོ་སོར་འཕར་བ་བྱ་རྒྱུ་བཅས་རེད།

བརྟན་ལྷིང་།

《བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་བྱ་རྒྱུའི་སྲོལ་ཡིག》ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ།

“འདུ་ཤེས་གསུམ”གྱི་སློབ་གསོ་རྒྱུན་རྣམ་བཞིན་སྤེལ་རྒྱུ།

རང་སྐྱོང་དང་། ཁྲིམས་སྐྱོང་། སྤྱོད་སྐྱོང་བཅས་ཟུང་དུ་འབྲེལ་བའི་གྲོང་ཁྱེར་གྲོང་གསེབ་ཀྱི་གཞི་རིམ་བཅོས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་རྒྱུ་བཅས་རེད།

འཕེལ་རྒྱས།

“རྣམ་གྲངས་གལ་ཆེན་འཛུགས་སྐྲུན་བྱེད་པའི་འགག་སྒྲོལ་ལོའི”བྱ་སྤྱོད་སྤེལ་ནས་མ་དངུལ་སྒོར་དུང་ཕྱུར་2000ཡན་གཏོང་རྒྱུ་དང་།

ཞིང་ལས་ཐོན་ལས་ཅན་གྱི་མཉམ་འབྲེལ་སྒྲིག་གཞི་འཛུགས་རྒྱུའི་ཚོད་ལྟ་བྱས་ཏེ། ཞིང་འབྲོག་ཐོན་རྫས་ལས་སྣོན་ལས་རིགས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་10%ཡན་འཕར་བ་བྱ་རྒྱུ།

ཐོན་ལས་འཕེལ་རྒྱས་ལ་མ་དངུལ་སྒོར་དུང་ཕྱུར་30བཀོད་སྒྲིག་བྱ་རྒྱུ།

མཐོ་གསར་ལག་རྩལ་གྱི་ཁེ་ལས་160དང་ཆེད་ཞིབ་ཁྱད་གསར་བཞིའི་ཁེ་ལས་འབྲིང་ཆུང་10སྐྱོང་སྤེལ་ཐོག འབྱུང་འཕྲོད་བཟོ་གྲྭ་དང་འབྱུང་འཕྲོད་གླིང་ཁུལ་ཁག་གཅིག་གཏན་འཁེལ་བྱ་རྒྱུ།

ཚོང་འགུགས་མ་འདྲེན་གྱི་མ་དངུལ་སྒོར་དུང་ཕྱུར་500ཡན་ལེགས་སྒྲུབ་བྱ་རྒྱུ།

ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་སྐྲུན་དང་ལེགས་བཅོས་བྱ་རྒྱུ།

ས་མཐོའི་མཛེས་མཐུན་གྲོང་ཚོ་180བསྐྲུན་རྒྱུ།

རྒྱུན་སྡོད་མི་འབོར་གྲོང་ཁྱེར་དང་གྲོང་རྡལ་ཅན་དུ་འགྱུར་ཚད་40%ཡན་ཟིན་པ་བྱ་རྒྱུ།

གྲོང་ཁྱེར་དང་གྲོང་རྡལ་དུ་མི་ཁྲི་5གསར་དུ་ལས་ཞུགས་ཐུབ་པ་བྱ་རྒྱུ།

ལོ་འདིའི་མཐོ་སློབ་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་ཚད་95%ཡན་དང་ལྗོངས་ཕྱིར་ལས་ཞུགས་ཐུབ་ཚད་12%ཡན་ཟིན་པ་བྱ་རྒྱུ།

ཞིང་འབྲོག་པ་ཁྲི་63ཡན་གནས་སྤོས་ལས་ཞུགས་ཐུབ་པ་དང་ངལ་ནུས་ཡོང་འབབ་སྒོར་དུང་ཕྱུར་68ཡན་ཟིན་པ་བྱ་རྒྱུ།

རིམ་པ་མཐོ་བ་དང་འཕྲལ་མཁོའི་དཀོན་གྲས་ཀྱི་ཤེས་ལྡན་པ་ནང་འདྲེན་ཤུགས་ཆེན་བྱས་ནས་རྩལ་ནུས་ཆེ་བའི་ཤེས་ལྡན་པ་2300མང་དུ་གཏོང་རྒྱུ།

མ་དངུལ་སྒོར་དུང་ཕྱུར་148བཀོད་སྒྲིག་བྱས་ནས་དམངས་འཚོའི་བྱ་བ་ཁག་28བསྒྲུབ་རྒྱུ་བཅས་རེད།

སྐྱེ་ཁམས།

ཚན་རིག་དང་མཐུན་པའི་སྒོ་ནས་སྐྱེ་ཁམས་ཉམས་གསོའི་འདུ་འགོད་གལ་ཆེན་ལག་བསྟར་བྱ་རྒྱུ་དང་།

ནགས་གསོ་ནགས་སྐྱོང་མུའུ་ཁྲི་100ཡན་ལེགས་སྒྲུབ་བྱ་རྒྱུ་དེའི་ནང་། ལྷོ་རི་བྱང་རིའི་སྔོ་འགྱུར་འདུ་འགོད་ཀྱི་ནགས་གསོ་ནགས་སྐྱོང་མུའུ་ཁྲི་20ཚུད་ཡོད།

རྩྭ་ཐང་ཉམས་པ་མུའུ་ཁྲི་500སླར་གསོ་བཅོས་སྐྱོང་དང་ས་ཆུ་ཤོར་བའི་ས་ཆ་མུའུ་ཁྲི་20བཅོས་སྐྱོང་བྱ་རྒྱུ་བཅས་རེད།

མཐའ་སྟོབས།

མཐའ་མཚམས་གྲོང་གསར་དུ་ལེ་ལག་ཚང་བའི་གློག་གཏོང་ལས་གྲྭར་མུ་མཐུད་སྐུལ་འདེད་བཏང་ནས་མཐའ་མཚམས་ཀྱི་ཤང་དང་གྲོང་རྡལ་དུ་5Gདང་ཀྲའོ་སྟོང་གི་འོད་དྲ་ཁྱོན་ཡོངས་ལ་ཁྱབ་པར་བྱ་རྒྱུ་དང་།

མཐའ་མཚམས་ས་ཁུལ་གྱི་ཁྱད་ལྡན་ཐོན་ལས་གོང་འཕེལ་གཏོང་བར་རོགས་སྐྱོར་ཤུགས་ཆེན་བྱས་ནས་ཡུལ་བབ་དང་བསྟུན་ཏེ་མཐའ་མཚམས་ཡུལ་སྐོར་དང་། རྒྱལ་སྒྲོལ་ཡུལ་སྐོར། མཐའ་མཚམས་ཚོང་དོན་བཅས་གོང་འཕེལ་གཏོང་རྒྱུ་རེད།