འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ཆ་འཕྲིན་རོགས་སྐྱོར་དཔུང་སྡེའི་བོད་སྡོད་པུའུ་ཞིག་ལ་དམིགས་བསལ་གྱི་རིག་རྩལ་འཁྲབ་སྟོན་གྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་པ་རེད།
འཁྲབ་སྟོན་ནི་ལྷ་ས་གྲོང་ཁྱེར་རིག་གནས་དང་ཡུལ་སྐོར་ཅུས་དང་། ལྷ་ས་གྲོང་ཁྱེར་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་། ལྷ་ས་གྲོང་ཁྱེར་མང་ཚོགས་སྒྱུ་རྩལ་ཁང་བཅས་ཀྱིས་མཉམ་དུ་སྒྲིག་འཛུགས་བྱས་ཤིང་། འགྱུར་ཁུག་སྙན་འཇེབས་ལྡན་པའི《བཀྲ་ཤིས་སྙན་དབྱངས》དང《སྐྱིད་པའི་ལྷ་ས》དང་། སྟངས་སྟབས་ལེགས་ཤིང་ཉམས་འགྱུར་བཟང་བའི་ཞབས་བྲོ《རས་པའི་བརྩེ་སེམས》 ལྷ་མོའི་གཞས་མ་གཏམ《འབྲོག་ཁྱིམ》 བརྩེ་བས་ཕྱུག་པའི《ཡང་བསྐྱར་གླུ་ཞིག་བླངས་ནས་ཏང་ལ་འབུལ》ལ་སོགས་པའི་འཁྲབ་སྟོན་ཕུན་སུམ་ཚོགས་པོར་བརྟེན་ནས་དཔུང་སྡེ་དེ་གའི་དཔོན་དམག་ཚོར་སྦྱོང་བརྡར་གྱི་ཞོར་དུ་བོད་ཀྱི་ལོ་རྒྱུས་རིང་ཞིང་ནང་དོན་གཏིང་ཟབ་པའི་མི་རིགས་ཀྱི་རིག་གནས་མྱོང་རོལ་ཐུབ་པར་བྱས་པ་རེད།
(གནམ་ཕྱུག་རྒྱལ་གྱིས་སྒྱུར་ཞུས་བྱས)