《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月21日

ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགུན་དཔྱིད་མེ་ཟོན་བདེ་འཇགས་དྲིལ་བསྒྲཌ་ལ་སྐུལ་འདེད་རྒྱུན་མཐུད་བཏང་བ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། དགུན་དུས་མེ་སྐྱོན་སྔོན་འགོག་དང་ཚོད་འཛིན་ལས་དོན་གཏིང་ཟབ་དང་ཏན་ཏིག་སྤེལ་བར་སྐུལ་འདེད་རྒྱུན་མཐུད་བཏང་ནས། མང་ཚོགས་ཀྱི་མེ་ཟོན་བདེ་འཇགས་འདུ་ཤེས་ཟབ་ཏུ་དང་རང་འགོག་རང་སྐྱོབ་ནུས་པ་ཆེ་རུ་ཏན་ཏིག་གཏོང་ཆེད། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་དགུན་དུས་མེ་ཟོན་དྲིལ་བསྒྲགས་ལས་དོན་གྱི་གཙོ་གནད་དང་ཡང་ཡང་བསྡུར་ནས་མི་ཚོགས་ལ་དམ་པོར་དམིགས་ཏེ། དྲིལ་བསྒྲགས་ཐོན་ཁུངས་བསྡུ་སྒྲིལ་ཧུར་ཐག་བྱེད་པ་དང་། དྲིལ་བསྒྲགས་ཐབས་ལམ་ནུས་ཤུགས་ཡོད་རྒུས་རྒྱ་སྐྱེད་གཏོང་བ། མེ་ཟོན་དྲིལ་བསྒྲགས་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ཏེ་དགུན་དུས་མེ་ཟོན་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་གསར་པ་བརྟན་དུ་བཏང་ཡོད།

ལས་དོན་སྤེལ་རིང་། ལྷ་ས་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་མེ་ཟོན་དྲིལ་བསྒྲགས་ཀྱི“བསྐྱོད་པ་དྲུག”གི་ལས་དོན་ལ་བརྟེན་པ་དང་། “ཁྱིམ་དུ་འགྲོ་རྒྱུ”དམ་འཛིན་བྱ་གཞིར་བྱེད་པ། རང་བསྐྲུན་ཁང་པ་དང་། ཁུལ་ཆུང་རྙིང་པ། བུ་བཅོལ་ཁང་། ཁེར་སྡོད་རྒན་རྒོན་གྱི་ཚོགས་སྤྱི་སོགས་གཙོ་གནད་ཁྱབ་ཁོངས་དང་མི་ཚོགས་ལ་དམིགས་པ་བཅས་བྱས་ནས། མེ་ཟོན་དང་བླངས་ཞབས་ཞུ་རུ་ཁག་དང་གཞི་རིམ་དྲ་མིག་པ་སྐུལ་སློང་ཧུར་ཐག་གིས་མེ་ཟོན་བདེ་འཇགས་དྲིལ་བསྒྲགས་བྱས་པ་སྟེ། དྲིལ་བསྒྲགས་དཔྱད་ཡིག་སྤྲོད་པ་དང་། རིགས་པའི་གཞུང་ལུགས་ལ་གསལ་འགྲེལ་རྒྱག་པ། གྱོད་དཔེར་དབྱེ་ཞིབ་བྱེད་པ། ས་གནས་ས་ཐོག་ཏུ་མངོན་མེད་རྐྱེན་ངན་ལ་གྲལ་བཤེར་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད། མང་ཚོགས་ཀྱིས་རྒྱུན་མཐོང་གི་མེ་སྐྱོན་སྔོན་འགོག་དང་། མེ་དང་། གློག སོལ་རླངས་བཅས་བདེ་འཇགས་ངང་སྤྱོད་པ། ཤོག་སྦག་བདེ་འཇགས་ངང་སྤོར་བ། མེ་སྐྱོན་ཐོན་སར་རང་སྐྱོབ་དང་སྲོག་ཉེན་ལས་ཐར་ཐབས་སོགས་མེ་ཟོན་བདེ་འཇགས་ཀྱི་རྒྱུན་ཤེས་ཁོང་དུ་ཆུད་པར་སློབ་གསོ་ཁྲིད་སྟོན་བྱས་ཏེ། མངོན་མེད་རྐྱེན་ངན་ཤེས་རྟོགས་དང་བཅོས་སྒྲིག་བྱེད་པའི་རྩལ་ནུས་ཆེ་རུ་བཏང་ཡོད། (པད་ཆོས་ཀྱིས་བསྒྱུར། བསོད་བདེ་ཆུང་བས་ཞུས)