《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月21日

བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པ།

རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་འགོ་ཚུགས་པ།

འདི་ནི་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པའི་ཚོགས་ར་ཡིན་པ།

འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

འཐུས་མིས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

འདི་ནི་ཨུ་ཡོན་ཚོས་སྲིད་གྲོས་རྒྱུན་ལས་ཨུ་ལྷན་གྱི་ལས་དོན་སྙན་སྒྲོན་ནན་ཏན་ངང་གསན་བཞིན་པ།

འདི་ནི་ཨུ་ཡོན་ཚོས་སྙིང་སྟོབས་རབ་འཕེལ་གྱིས་ཚོགས་རར་ཕེབས་བཞིན་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། སྲིད་དོན་ཇུས་འབུལ་གྱིས་འཕེལ་རྒྱས་ཀྱི་ཇུས་ཆེན་མཉམ་དུ་གླེང་། ངོས་འཛིན་གཅིག་མཐུན་གྱིས་འབད་འབུངས་ཀྱི་ལེའུ་གསར་མཉམ་དུ་རྩོམ། ཟླ་1ཚེས་18ཉིན་གྱི་སྔ་དྲོར། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འགོ་ཚུགས་པ་རེད། ཚོགས་འདུའི་རིང་ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་ནས་ཕེབས་པའི་སྲིད་གྲོས་ཨུ་ཡོན་ཚོས་མི་དམངས་ཀྱི་རེ་སྒུག་ཕྲག་ཏུ་འཁུར་བ་དང་འགན་འཁྲི་སྒྲུབ་སེམས་ཆེན་པོར་བརྟེན་ནས“དོན་ཆེན་བཞི”དོན་འཁྱོལ་བྱེད་པ་དང“འཛུགས་གཏོད་བཞིར”སྐུལ་འདེད་བཏང་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་ནུས་ཤུགས་ཡོད་རྒུས་བརྩམས་ཏེ། ཕུལ་བྱུང་གྲུབ་འབྲས་ཐོག་ནས་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་རྒྱུ་རེད།

ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། ཀརྨ་ཚེ་བརྟན། ལིའུ་ཅང་། ཝང་ཁའེ། དབང་ཧའེ་ཀྲོའུ། རེན་ཝེ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། བསོད་ནམས་ཉི་མ། ཀུང་ཧུའེ་ཚའེ། ཅང་ཝུན་ཕེང་། ཐན་སི་ལུང་། ལེགས་མཆོག པ་སངས་སོགས་ཚོགས་ཆེན་ལ་ཞུགས་ནས་ཚོགས་ཆེན་ཚོགས་པར་རྟེན་འབྲེལ་ཞུས་པ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་འགོ་ཁྲིད་མོང་ཞའོ་ལིན་དང་། ཚེ་སྨོན་གླིང་བསྟན་འཛིན་འཕྲིན་ལས། རྫོང་ལོ་བྱམས་པ་མཁས་གྲུབ། ས་ལུང་ཕུན་ལགས། ངག་དབང་། པད་མ་དབང་འདུས། སྒྲོལ་དཀར། བཀྲ་ཤིས་ཟླ་བ། ཡུས་ཡུན་ཀུའེ། ཝང་ཀང་བཅས་འགོ་ཚུགས་ཚོགས་འདུར་ཕེབས་ནས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་པ་དང་། རྡོ་རྗེ་ཚེ་སྒྲུབ་ཀྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཟླ་1ཚེས་7ཉིན། དིང་རིར་ས་ཡོམ་རིམ་པ་6.8བརྒྱབ་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་ལ་གྱོང་གུན་ཚབས་ཆེན་བཟོས་ཡོད། ཚོགས་ཆེན་འགོ་མ་ཚུགས་གོང་ཚང་མ་ཡར་བཞེངས་ཏེ་ས་ཡོམ་ཁྲོད་སྟབས་མི་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ་དང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ཚོགས་ཆེན་འགོ་ཚུགས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ་གྱི་མངགས་བཅོལ་ལྟར།

(པར་ངོས་གཉིས་པར་གཟིགས)

(པར་ངོས་དང་པོར་མཐུད) རང་སྐྱོང་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་གཞོན་པ་དང་ཀྲུའུ་ཞི་གཞོན་པ་མོང་ཞའོ་ལིན་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་ལས་དོན་སྙན་སྒྲོན་གནང་བ་རེད།

རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་སྒྲོལ་དཀར་གྱིས་སྲིད་གྲོས་སྐབས་བཅུ་གཉིས་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚབ་ཞུས་ནས་གྲོས་གཞིའི་ལས་དོན་བསྒྲུབས་ཚུལ་སྐོར་གྱི་སྙན་སྒྲོན་གནང་བ་རེད།

ལོ་གཅིག་རིང་། ཁྱོན་བསྡོམས་གྲོས་གཞི་ཁག་411འབྱོར་ཞིང་། ཞིབ་བཤེར་བྱས་པ་བརྒྱུད་གྲོས་གཞི་ཁག་399ཐོ་འགོད་བྱས་ནས་སྒྲུབ་གཉེར་དང་ལན་སློག་ཚད་100%ཟིན་ཡོད།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་1ཚེས་19ཉིན་གནས་ཚུལ་འབྱོར་གསལ། ཚེས་19ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཉིས་པའི་ཚོགས་འདུ་ཐེངས་གསུམ་པ་ལྷ་སར་འགོ་ཚུགས་ཤིང་། ས་གནས་ཁག་དང་འཐབ་ཕྱོགས་ཁག་ནས་ཕེབས་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བསྣམས་ནས་ཚོགས་ཆེན་ལ་ཞུགས་ཏེ། རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་ངང་སྒྲུབ་འགོ་ཚུགས་པ་རེད།

ཝང་ཅུན་ཀྲེང་དང་། བློ་བཟང་རྒྱལ་མཚན། ཡན་ཅིན་ཧའེ། བསྟན་ཁོ། རྒྱལ་མཚན། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཝང་ཅུན། ཀྲང་ཡན་ཆིང་། ཞུས་ཁྲེང་ཚང་། འཇམ་དཔལ། ཐང་མིང་དབྱིན། ལིའུ་པོ་ཁྲེང་། ལི་ཝུན་ཀེ སུན་ཤན་ཀྲུང་། ལིའུ་ཀོང་ཤུས་བཅས་ཀྲུའུ་ཞི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད་པ་རེད།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི་428ཡོད་པ་དང་། དངོས་སུ་ཞུགས་མཁན་འཐུས་མི་383ཡོད་པས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་9དང་སྐར་མ་30ལ། ཚོགས་ཞུགས་མི་སྣ་ཡོངས་ཀྱིས་དིང་རིའི་ས་ཡོམ་རིམ་པ་6.8ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བའི་སྤུན་ཟླར་ངག་བསྡམས་ནས་མྱ་ངན་ཞུས་པ་རེད།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། རང་སྐྱོང་ལྗོངས་ཀྱི་ལས་ཚབ་ཀྲུའུ་ཞི་ཀརྨ་ཚེ་བརྟན་གྱིས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ལ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་ཞིང་། སྙན་སྒྲོན་དེ་ཁག་གཉིས་ལ་དབྱེ་ནས། 2024ལོའི་ལས་དོན་ལ་ཕྱིར་ལྟ་དང་2025ལོའི་ལས་དོན་བཀོད་སྒྲིག་བྱས་ཡོད་པ་རེད།

ཀརྨ་ཚེ་བརྟན་གྱིས་གསུངས་དོན། འདི་ལོའི་ཟླ་1ཚེས་7ཉིན། གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8བརྒྱབ་རྗེས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཕྲལ་མར་མཛུབ་སྟོན་གལ་ཆེན་གནང་བ་མ་ཟད།

ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཆེད་མངགས་གཙོ་སྐྱོང་གནང་སྟེ་ཡོམ་འགོག་གེགས་སེལ་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་གནང་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། མི་དམངས་གོང་དུ་བཀུར་བ་དང་ཚེ་སྲོག་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་ཁག་གི་རོགས་སྐྱོབ་སྟོབས་ཤུགས་ལ་སྤྱི་འདོམས་བྱས་ནས་མི་སྣ་ཤི་རྨས་ཉུང་དུ་གཏོང་གང་ཐུབ་དང་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་པར་བརྟེན། ཡོམ་འགོག་གེགས་སེལ་ལས་དོན་ལ་དུས་མཚམས་རང་བཞིན་གྱི་རྒྱལ་ཁ་ཐོབ་ཡོད། མཚམས་འདིར། ང་ཚོས་ཡོམ་འགོག་གེགས་སེལ་ནང་ཞུགས་མཁན་རོགས་སྐྱོབ་སྟོབས་ཤུགས་ཁག་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས། དེ་བཞིན་ས་ཡོམ་གནོད་འཚེར་དོ་ཁུར་གནང་མཁན་དང་གནོད་འཚེ་ཕོག་པའི་མང་ཚོགས་ལ་ཐུགས་ཁུར་དང་བྱམས་སྐྱོང་གནང་མཁན་སྤྱི་ཚོགས་ལས་རིགས་ཁག་གི་མི་སྣ་བཅས་ལ་བླ་ན་མེད་པའི་གུས་འདུད་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན།

ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་ནང་གསུངས་དོན། ད་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་དཔག་དམིགས་ཚད་གཙོ་བོ་ནི། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་7%ཡན་འཕར་བ་བྱས་ནས་8%ཟིན་པ་བྱ་རྒྱུ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་རྩ་འཇོག་ཚད་15%ཡན་འཕར་བ་བྱས་ནས་20%ཟིན་པ་བྱ་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་དངུལ་འབོར་8%ཡན་འཕར་བ་བྱས་ནས་10%ཟིན་པ་བྱ་རྒྱུ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་16%འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་8%དང་10%སོ་སོར་འཕར་བ་བྱ་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་དང་གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་5%དང་3%ནང་ཚུན་དུ་སོ་སོར་ཚོད་འཛིན་ཐུབ་པ་བྱ་རྒྱུ་བཅས་རེད།

ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་ནང་གསུངས་དོན། ལོ་འཁོར་མོའི་དམིགས་ཚད་ལས་འགན་མངོན་འགྱུར་ཡོང་བར་གཙོ་བོ་གཤམ་གསལ་ཕྱོགས་ཁ་ཤས་ལ་སྟངས་འཛིན་བྱེད་དགོས་པ་སྟེ། གཅིག་ནས་གཙོ་རྐང་ལ་དམིགས་ཏེ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་གཙོ་རྐང་གི་ལས་འགན་ཁོང་དུ་བརྟན་པོ་ཆུད་པ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་རྩོམ་པར་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་དགོས་པ་དང་། གཉིས་ནས་རྨང་གཞི་བརྟན་དུ་བཏང་སྟེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་ཁོང་དུ་བརྟན་པོར་ཆུད་པ་བྱས་ནས་རྨང་གཞི་བརྟན་གཏོང་དང་སྤྱི་ཡོངས་ལ་དོ་དམ་བྱེད་པའི་བྱ་བ་མང་ཙམ་སྒྲུབ་པ་དང་རྨང་གཞི་འདིང་བ་དང་ཕུགས་ལ་ཕན་པའི་ལས་དོན་མང་ཙམ་སྒྲུབ་དགོས་པ། གསུམ་ནས་ཐོན་ལས་ཀྱིས་སྣེ་ཁྲིད་བྱས་ཏེ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ་དང་དམངས་ཕྱུག་འབབ་འཕར་ལ་སྐུལ་འདེད་གཏོང་རྒྱུ་དམིགས་ཚད་དུ་འཛིན་པ་དང་སྲོལ་རྒྱུན་གྱི་ཐོན་ལས་སྒྱུར་བཀོད་རིམ་སྤོར་དང་གསར་དར་ཐོན་ལས་སྐྱེད་སྲིང་དང་སྟོབས་ཆེར་གཏོང་བར་སྤྱི་འདོམས་བྱས་ནས་བཟོ་ལས་ཅན་དཔེ་གསར་གྱི་གོམ་སྟབས་མགྱོགས་སུ་གཏོང་དགོས་པ། བཞི་ནས་དམངས་འཚོ་རྩ་བར་བཟུང་སྟེ། མི་སེར་གྱིས་མིག་མཐོང་ལག་ཟིན་ཐུབ་པ་དང་མི་སེར་ལ་ཕན་པ་ཐོབ་པའི་བྱ་བ་དངོས་དང་བྱ་བ་བཟང་པོ་མང་ཙམ་བསྒྲུབས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཕན་པ་དེ་བས་མང་བ་ཐོབ་པར་བྱེད་དགོས་པ་བཅས་རེད། ད་ལོ་གཙོ་གནད་ཐོག་ཕྱོགས་དགུའི་ཐད་ཀྱི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ཡིན་པ་སྟེ། གཅིག་ནས་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ་དང་། གཉིས་ནས་ནུས་ཤུགས་ཡོད་རྒུས་སྔོན་དཔག་བརྟན་པོ་ཡོང་བ་དང་འཕར་བར་སྐུལ་འདེད་གཏོང་བ། གསུམ་ནས་མ་འཇོག་དང་འཛད་སྤྱོད་ཀྱི་མི་མངོན་པའི་ནུས་པ་སྔོག་འདོན་རྒྱུན་མཐུད་བྱེད་པ། བཞི་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་ཡུལ་བབ་དང་བསྟུན་ནས་འཕེལ་རྒྱས་གཏོང་བ། ལྔ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། དྲུག་ནས་སྒྱུར་བཅོས་སྒོ་དབྱེ་དང་ཕྱོགས་ཡོངས་ནས་གསར་གཏོད་བྱེད་མགྱོགས་སུ་གཏོང་བ། བདུན་ནས་དམངས་འཚོར་དེ་བས་ལེགས་པའི་སྒོ་ནས་འགན་ལེན་དང་ལེགས་སུ་གཏོང་བ། བརྒྱད་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དགུ་ནས་མཐའ་མཚམས་ས་ཁུལ་གྱི་འཕེལ་རྒྱས་ལ་སྐུལ་འདེད་གང་མགྱོགས་གཏོང་བ་བཅས་རེད།

ཀརྨ་ཚེ་བརྟན་གྱིས་སྙན་སྒྲོན་གྱི་མཇུག་ཏུ་འབོད་སྐུལ་གནང་དོན། ང་ཚོས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་དངོས་འཛིན་དངོས་སྒྲུབ་དང་། དམ་ནན་མྱུར་སྒྲུབ། དཀའ་སྤྱད་ལས་སྒྲུབ་བཅས་བྱས་ཏེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས།

ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2025ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་ཕྱོགས་ཀྱི་འཆར་གཞིའི་འཆར་ཟིན་སྐོར་གྱི་སྙན་སྒྲོན་དང་། བོད་རང་སྐྱོང་ལྗོངས་ཀྱི་2024ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2025ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་སྐོར་གྱི་སྙན་སྒྲོན་བཀྲམ་ནས་ཞིབ་བཤེར་གནང་རྒྱུར་ཕུལ་བ་རེད།

(ཉི་དོན་དང་། བདེ་དབང་། བསྟན་བཟང་། རིག་རྡོར་བཅས་ཀྱིས་སྒྱུར་ཞུས་བྱས)