ཉེ་ཆར། དིང་རི་རྫོང་གི་ས་ཡོམ་གྱི་གནོད་འཚེ་ཚབས་ཆེན་ཕོག་ཁུལ་གྲམ་སོ་ཤང་མགུ་རིང་གྲོང་ཚོའི་ཁག་དང་པོའི་དུད་ཚང་20ཡི་གནོད་འཚེ་ཕོག་པའི་མང་ཚོགས་107གནས་སྐབས་བཀོད་སྒྲིག་བྱ་ཡུལ་གྱི་གུར་ནས་སྟབས་བདེའི་ཁང་པར་སྤོས་པ་རེད། སྟབས་བདེའི་ཁང་པ་རེར་སྨི་ངོས་གྲུ་18ཡོད་པ་དང་མི་4ནས་5བར་ཤོང་གི་ཡོད་ཅིང་། སྟབས་བདེའི་ཁང་པའི་ནང་ལྟེབ་ཁྲི་དང་། ཅོག་ཙེ། ཐབ་ཆས་སོགས་བཀོད་སྒྲིག་བྱས་ཡོད་པ་མ་ཟད། མང་ཚོགས་ཀྱི་གློག་སྤྱོད་དགོས་མཁོ་ཡང་འགན་ལེན་བྱས་ནས་ཁོང་ཚོ་དྲོ་སོབ་སོབ་ངང་དགུན་ཁ་སྐྱེལ་ཐུབ་པར་བྱས་ཡོད།