ཉེ་ཆར། འབྲོང་པ་རྫོང་བར་ཡངས་གྲོང་རྡལ་གྱི་ཕྱོགས་བསྡུས་འབྲོག་ལས་ཆེད་ལས་མཉམ་ལས་ཁང་གིས་ཁེ་སྤོགས་བགོ་འགྲེམས་མཛད་སྒོ་འཚོགས་ནས། བར་ཡངས་གྲོང་རྡལ་རྟ་ར་གྲོང་ཚོའི་དུད་ཚང་རེར་ལུག་རེ་སྤྲད་དེ་ཁྱོན་ལུག་183བགོ་བཤའ་བརྒྱབ་པར་རིན་ཐང་སྒོར་ཁྲི་20.1ཟིན་ཡོད་པ་རེད། ལུག་བགོ་བཤའ་བརྒྱབ་པ་བརྒྱུད་མཉམ་ལས་ཁང་དང་འབྲོག་པ་དབར་གྱི་འབྲེལ་བ་སྔར་བས་ཟབ་ཏུ་ཕྱིན་ནས། འབྲོག་པར་འབབ་འཕར་ཕྱུག་འགྱུར་ཡོང་བ་དང་གྲོང་གསེབ་དར་རྒྱས་ཀྱི་ལམ་བུའི་ཐོག་ཡག་པོ་བསྐྱོད་རྒྱུར་སྐུལ་འདེད་བཏང་བ་རེད། འདི་ནི་མང་ཚོགས་ཀྱིས་སོ་སོར་བགོས་པའི་ལུག་ཁྲིད་བཞིན་པ།