འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། གསར་འགོད་པར་མི་དམངས་དངུལ་ཁང་གཞིས་རྩེ་གྲོང་ཁྱེར་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱུང་བར། 2024ལོའི་ཟླ་བཅུ་པའི་ཟླ་མཇུག་བར་གཞིས་རྩེ་གྲོང་ཁྱེར་གྱི་མི་སྒེར་གྱི་མ་རྐང་ཚོད་འཛིན་ཁེ་ལས་ཀྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་50ཡི་འགག་སྒོ་ཆེན་པོ་ལས་བསྒྲལ་ནས་ལྷག་གྲངས་སྒོར་དུང་ཕྱུར་51.34ཟིན་པ་དེ་དུས་མཚུངས་ལས་28.04%འཕར་ཡོད་པ་རེད།