དོན་ཚན་ལྔ་བརྒྱ་དང་དྲུག་པ། གན་རྒྱའི་ནང་གི་གཤམ་གསལ་གྱི་འགན་འཁྲི་རྩ་ཆག་བཏང་བའི་དོན་ཚན་རྩིས་འགྲོ་མེད་པ་ཡིན། (གཅིག) ཕ་རོལ་པོའི་མི་ལུས་ལ་གནོད་རྐྱེན་བཟོས་པ། (གཉིས) བསམ་བཞིན་དུ་བྱས་པའམ་ལས་འཛོལ་ཚབས་ཆེན་ཤོར་བའི་རྐྱེན་གྱིས་ཕ་རོལ་པོའི་རྒྱུ་ནོར་ལ་གྱོང་གུན་བཟོས་པ། ཁྲིམས་ལུགས་འཆད་སྟེགས། ཕ་རོལ་པོའི་མི་ལུས་ལ་གནོད་རྐྱེན་བཟོས་པའི་འགན་འཁྲི་རྩ་ཆག་དོན་ཚན་ལ་རྩིས་འགྲོ་མེད་པ་ཡིན་ཞིང་། དེ་ནི་ཁྲིམས་ལུགས་ཀྱིས་མི་ལུས་བདེ་ཐང་དང་ཚེ་སྲོག་བདེ་འཇགས་ལ་དམིགས་བསལ་སྲུང་སྐྱོང་བྱས་པ་ཞིག་ཡིན་ཞིང་། གལ་ཏེ་དོ་བདག་ཕྱོགས་གཅིག་གིས་དོ་བདག་ཕ་རོལ་པོར་མི་ལུས་ལ་གནོད་རྐྱེན་བཟོས་པའི་འགན་འཁྲི་རྩ་ཆག་བཏང་ཆོག་ཚེ། དོ་བདག་གིས་གན་རྒྱའི་རྣམ་པ་བེད་སྤྱད་དེ་དོ་བདག་ཕྱོགས་གཅིག་གི་ཚེ་སྲོག་ལ་གནོད་འཚེ་བཟོ་རུ་བཅུག་པ་དང་ཁྱད་མེད་ཅིང་། རྩ་ཁྲིམས་ཀྱི་རྩ་དོན་དང་འགལ་བ་ཞིག་ཡིན། བསམ་བཞིན་དུའམ་ནོར་འཛོལ་ཚབས་ཆེན་དབང་གིས་རྒྱུ་ནོར་གྱོན་གུན་བཟོས་པའི་འགན་འཁྲི་རྩ་ཆག་དོན་ཚན་ལ་རྩིས་འགྲོ་མེད་ཅིང་། དེ་ནི་དོན་ཚན་དེས་དྲང་གཞག་དང་ཡིད་རྟོན་འཕེར་བའི་རྩ་དོན་དང་འགལ་བས་ཡིན་ཞིང་། གལ་ཏེ་དོན་ཚན་དེ་ལྟ་བུ་ཡོད་ཚེ། དོ་བདག་ཕྱོགས་གཅིག་གིས་དོན་ཚན་དེ་ལྟ་བུ་སྤྱད་དེ་དོ་བདག་ཕ་རོལ་པོར་མགོ་སྐོར་བཏང་ནས། དོ་བདག་གི་གན་རྒྱའི་ཁེ་ཕན་ལ་གནོད་འཚེ་བཟོས་ཆོག་པ་དང་། དེ་ནི《དམངས་དོན་ཁྲིམས་གཞུང》གི་ཁྲིམས་འཛུགས་དམིགས་ཡུལ་དང་ཡོངས་སུ་རྒྱབ་འགལ་དུ་སོང་བ་ཞིག་ཡིན་རེད།
དོན་ཚན་བཞི་བརྒྱ་དང་དགུ་བཅུ་པ། དོ་བདག་གིས་གན་རྒྱའི་ཡི་གེའི་ཐོག་ནས་གན་རྒྱ་འཇོག་ཚེ། དོ་བདག་ཚང་མས་མིང་རྟགས་བཀོད་པ་དང་ཐེལ་ཙེ་བརྒྱབ་པའམ་མཛུབ་ཐེལ་མནན་དུས་ནས་གན་རྒྱ་དེ་གྲུབ་པ་ཡིན། མིང་རྟགས་མ་བཀོད་པ་དང་ཐེལ་ཙེ་མ་བརྒྱབ་པའམ་མཛུབ་ཐེལ་མ་མནན་གོང་ལ་དོ་བདག་ཕྱོགས་གཅིག་གིས་འོས་འགན་གཙོ་བོ་བསྒྲུབས་ཟིན་པ་དང་། ཕྱོགས་གཅིག་ཤོས་ཀྱིས་དང་ལེན་བྱས་ཚེ། གན་རྒྱ་དེ་གྲུབ་པ་ཡིན། བཅའ་ཁྲིམས་དང་སྲིད་འཛིན་ཁྲིམས་སྲོལ་གྱིས་གཏན་འབེབས་བྱས་པའམ་དོ་བདག་བར་ཡིག་ཐོག་རྣམ་པའི་གན་རྒྱ་འཇོག་པའི་གྲོས་དན་བཞག་ཡོད་པ་ལ། དོ་བདག་གིས་ཡིག་ཐོག་གི་རྣམ་པ་མ་སྤྱད་ཀྱང་ཕྱོགས་གཅིག་ཤོས་ཀྱིས་འོས་འགན་གཙོ་བོ་བསྒྲུབས་ཟིན་པ་དང་། ཕྱོགས་གཅིག་ཤོས་ཀྱིས་དང་ལེན་བྱས་པ་ཡིན་ན། གན་རྒྱ་གྲུབ་པ་ཡིན། དོན་ཚན་བཞི་བརྒྱ་དང་གོ་གཅིག་པ། དོ་བདག་གིས་འཕྲིན་ཡིག་དང་། གཞི་གྲངས་གློག་ཡིག་སོགས་ཀྱི་རྣམ་པའི་ཐོག་ནས་གན་རྒྱ་འཇོག་པའི་ཚེ་ངེས་གཟུང་ཡི་གེ་འཇོག་པའི་རེ་བ་བཏོན་པ་ཡིན་ན། ངེས་བཟུང་ཡི་གེ་འཇོག་དུས་གན་རྒྱ་གྲུབ་པ་ཡིན། དོ་བདག་ཕྱོགས་གཅིག་གིས་མཉམ་སྦྲེལ་དྲ་བ་སོགས་ཆ་འཕྲིན་དྲ་བའི་ཐོག་ནས་ཁྱབ་བསྒྲགས་བྱས་པའི་ཚོང་ཟོག་གམ་ཞབས་ཞུའི་ཆ་འཕྲིན་དག་ཆིངས་འགོའི་ཆ་རྐྱེན་དང་མཐུན་ཚེ། ཕ་རོལ་པོས་ཚོང་ཟོག་གམ་ཞབས་ཞུ་གང་ཞིག་བདམས་པ་དང་སྦྲགས་མངགས་ཐོ་གྲུབ་ན་གན་རྒྱ་གྲུབ་པ་ཡིན། ཡིན་ན་ཡང་དོ་བདག་བར་དུ་ལོགས་སུ་གྲོས་དན་བཞག་ཡོད་པ་འདིའི་ཁོངས་སུ་མི་ཚུད། ཁྲིམས་ལུགས་འཆད་སྟེགས། 《གན་རྒྱའི་བཅའ་ཁྲིམས》དང་བསྡུར་ཚེ། མཛུབ་ཐེལ་བརྒྱབ་ནས་ཐོབ་པའི་མིང་རྟགས་དང་། ཐེལ་ཙེ་ཡང་དེ་དང་འདྲ་བའི་ཁྲིམས་ལུགས་ཕན་འབྲས་ཡོད་ཅིང་། འདི་ནི《དམངས་དོན་ཁྲིམས་གཞུང》གིས《<ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་གན་རྒྱའི་བཅའ་ཁྲིམས>ཀྱི་གནད་དོན་འགའ་ཞིག་ལ་སྤྱོད་གོ་ཆོད་པའི་སྐོར་གྱི་ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགྲེལ་བཤད(གཉིས)》དོན་ཚན་ལྔ་པའི་ནང་དོན་དང་ལེན་བྱས་པ་ཞིག་ཡིན་པ་དང་། ཁྲིམས་ལུགས་ལག་ལེན་གྱི་དགོས་མཁོ་དང་མཐུན་ཡོད། 《དམངས་དོན་ཁྲིམས་གཞུང》གི་དོན་ཚན་བཞི་བརྒྱ་དང་གོ་གཅིག་པའི་ནང་གསེས་དོན་ཚན་གཉིས་པ་ནི་གསར་བསྣན་གཏན་འབེབས་ཡིན་ཞིང་། མཉམ་སྦྲེལ་དྲ་བ་ཉིན་རེ་བཞིན་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་། སྤྱི་དམངས་ཀྱིས་མཉམ་སྦྲེལ་དྲ་བ་བརྒྱུད་དེ་ཉོ་ཚོང་བྱེད་པ་ཡང་ཡོངས་ཁྱབ་ཏུ་གནས་པའི་དོན་དངོས་ཤིག་ཡིན་ཞིང་། ཁྲིམས་གསར་གྱིས་གློག་རྡུལ་གན་རྒྱ་གྲུབ་པའི་དུས་ཚོད་ལ་ཁ་གསལ་གཏན་འབེབས་བྱས་ཡོད་པ་དང་། མཉམ་སྦྲེལ་དྲ་བའི་ཉོ་ཚོང་རྩོད་གཞིའི་ཁྲིམས་ལུགས་གཞི་འཛིན་ས་གོམ་གང་མདུན་སྤོས་ཀྱིས་འཐུས་སྒོ་ཚང་དུ་བཏང་ཡོད།
23གན་རྒྱ་ལག་ལེན་བསྟར་སྐབས་གྲོས་དན་ལས་འགལ་བའི་ཕྱོགས་ཀྱིས་འགན་འཁྲི་གང་ཁུར་དགོས་སམ།
དོན་ཚན་ལྔ་བརྒྱ་དང་གྱ་གསུམ་པ། དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་འོས་འགན་མི་སྒྲུབ་པའམ་གན་རྒྱའི་འོས་འགན་བསྒྲུབས་པ་དེ་གྲོས་དན་དང་མི་མཐུན་ཚེ། འོས་འགན་བསྒྲུབས་པའམ་གསབ་བཅོས་བྱེད་ཐབས་སྤྱད་རྗེས་ཕ་རོལ་པོ་ལ་ད་དུང་གྱོང་གུན་གཞན་དག་ཕོག་ཡོད་ན་གྱོང་གུན་སྐྱིན་གསབ་བྱེད་དགོས།
ཁྲིམས་ལུགས་འཆད་སྟེགས།
དོ་བདག་ཕྱོགས་གཅིག་གིས་གན་རྒྱའི་འོས་འགན་མི་སྒྲུབ་པའམ་གན་རྒྱའི་འོས་འགན་བསྒྲུབས་པ་དེ་གྲོས་དན་དང་མི་མཐུན་ཚེ། མུ་མཐུད་འོས་འགན་བསྒྲུབས་པའམ་གསབ་བཅོས་བྱེད་ཐབས། གྱོང་གུན་སྐྱིན་གསབ་སོགས་པའི་གྲོས་དན་ལས་འགལ་བའི་འགན་འཁྲི་འཁུར་དགོས། དོན་དངོས་སུ་སྒྲུབ་པ་དང་གུན་གསབ་འཇལ་བའི་གྲོས་དན་ལས་འགལ་བའི་འགན་འཁྲི་དེ་གཉིས་ཀྱི་འབྲེལ་བའི་ཐད། རང་རྒྱལ་བཅའ་ཁྲིམས་ཀྱིས་གཉིས་ཀ་མཉམ་སྤྱོད་ཀྱི་རྩ་དོན་སྤྱད་ཡོད་ཅིང་། དེ་ནི་ཁྲིམས་ལུགས་ཐོག་གྲོས་དན་ལས་འགལ་བའི་འགན་འཁྲི་དེ་གཉིས་ཀྱི་དམིགས་ཡུལ་འདྲ་ཡི་མེད།