པར་འདི་གཉིས་ནི་དཔྱད་ཞིབ་བྱེད་བཞིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། གཡུལ་སའི་མྱུར་སྐྱོབ་ནུས་པ་ནི་འཐབ་འཛིང་པའི་འཆི་གསོན་དང་འཐབ་ནུས་སླར་གསོ་ཡོང་མིན་དང་འབྲེལ་བ་ཡོད། ཉེ་ཆར་ལྷ་ས་ཉེན་ཟོན་བདེ་སྲུང་དམག་ཁུལ་ཁང་གི་ཐོན་ཞིག་གིས་འཕྲོད་བསྟེན་མི་སྣའི་འཐབ་ས་དང་པོའི་སྐྱོབ་བཅོས་ནུས་པར་དཔྱད་ཞིབ་ཚོད་སྐོར་གྱི་ལས་དོན་སྤེལ་བ་རེད།
དཔྱད་ཞིབ་ཚོགས་ཆུང་གིས་བཀའ་བཏང་བ་དང་ཆབས་ཅིག དྲག་ཆས་ཆ་ཚང་སྤྲས་པའི་འཕྲོད་བསྟེན་དཔོན་དམག་གིས་དམག་འཐབ་ཚོགས་ཆུང་གཞིར་བཟུང་སྔོན་གཏན་འཁེལ་བའི་ས་ཁོངས་སུ་མགྱོགས་མྱུར་བསྐྱོད་ཅིང་། དེ་ནས་མངགས་གཏོང་སྟབས་བསྟུན་མྱུར་སྐྱོབ་ཚོགས་ཆུང་གིས་འཐབ་ས་དང་པོར་བསྐྱོད་ནས“རྨས་མ”འཚོལ་སྐྱོབ་བྱས་པ་རེད།
དཔྱད་ཞིབ་བྱ་ཡུལ་དུ་སྨན་བཅོས་སྲོག་སྐྱོབ་ཚོགས་ཆུང་གི་ཙུའུ་ཀྲང་ལི་དབྱིས་ཧྥུང་གིས་འཕྲལ་མར“རྨས་མའི”འགྲམ་དུ་བསྐྱོད་དེ་ནད་པའི་མཇིང་པར་རེག་ནས་བརྟག་སྐབས་རྩ་འཕར་གྱི་མེད་པ་ཤེས་ཤིང་། ལི་དབྱིས་ཧྥུང་གིས་ཁོར་ཡུག་བདེ་འཇགས་ཡིན་མིན་བརྟག་རྗེས་མྱུར་དུ་རྨས་མ་དྲན་པ་གསོ་ཐབས་བྱས་པ་དང་། དེ་ནས་ནད་པ་རླངས་འཁོར་ནང་དབོར་བ་དང་སྦྲགས་ཚོགས་མིར་ནད་པར་སྙིང་པར་སོགས་བརྟག་དཔྱད་སྣ་ཚོགས་བྱ་རྒྱུའི་བཀའ་ཕབ་པ་དང་། གོ་རིམ་ལྡན་པའི་སྒོ་ནས་སྐྱོབ་བཅོས་བྱས་པ་རེད།
གསར་འགོད་པས་ཤེས་རྟོགས་བྱས་པར་གཞིགས་ན། ད་ཐེངས་ཀྱི་དཔྱད་ཞིབ་ནང་རྩ་གནད་ཀྱི་བླང་བྱ་གཞིར་བཟུང་། གཡུལ་སའི་ཁོར་ཡུག་དངོས་ལྟར་དགྲ་བོ་བཀག་སྡོམ་ཁུལ་དང་། ཕན་ཚུན་སྐྱོབ་རེས་དཔྱད་ཞིབ་ཁུལ། རང་སྐྱོབ་དཔྱད་ཞིབ་ཁུལ་བཅས་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད། དེའི་རིང“དམག་སའི་ཁོར་ཡུག་ལད་ཟློས་དང་། དངོས་འཐབ་ཀྱི་བཀོལ་སྤྱོད་དང་ཉེ་བཅར། སྐབས་བསྟུན་གྱི་དམིགས་བསལ་གནས་ཚུལ་ལེགས་སྒྲིག”བཅས་ཀྱི་རྩ་དོན་གཞིར་བཟུང་། ལག་རྩལ་རྐྱང་པ་དང་དངོས་འཐབ་བཀོལ་སྤྱོད་ཟུང་འབྲེལ་དང་རྨས་མའི་གནས་ཚུལ་རྐྱང་པ་དང་ཐོན་མང་བའི་རྨས་མའི་གནས་ཚུལ་མཉམ་སྒྲིག་གི་བྱ་ཐབས་སྤྱད་དེ། རིམ་པ་མི་འདྲ་བའི་སྐྱོབ་བཅོས་ནུས་པར་རིགས་ཕྱེ་ནས་དཔྱད་ཞིབ་ཚོད་སྐོར་བྱས་པ་དང་། དམག་འཁྲུག་སྐབས་ཀྱི་ཛ་དྲག་སྐྱོབ་བཅོས་ནུས་པར་ཞུན་བརྡར་བཏང་ཞིང་། བརྒྱུད་རིམ་ཧྲིལ་པོར“ངོ་མ་དང་། དཀའ་གནད། ནན་པོ། ཏན་ཏིག”བཅས་ཀྱི་ཚད་གཞི་དང་བླང་བྱ་ལག་བསྟར་བྱས་ཡོད།
(སྤེན་ཚེ་དང་བསོད་བདེ་གཞོན་པས་སྒྱུར་ཞུས་བྱས)