《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月07日

བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིཌ་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག

དམངས་ཕན་ཞབས་ཞུར་མང་ཚོགས་ཀྱི་ གདེང་འཇོག་ཡག་པོ་ཐོབ་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། ལྷ་སའི་གྲོང་མི་བྱམས་སྒྲོན་དང་ཁོང་གི་བཟའ་ཟླ་བོད་ལྗོངས་མཐའ་མཚམས་ཞིབ་བཤེར་སྤྱི་ཁྱབ་ས་ཚིགས་ཁྲིམས་སྒྱུར་བརྟག་དཔྱད་ཉིང་ལག་རུ་ཁག་ལྷ་ས་གྲོང་ཁྱེར་དུ་བཅའ་སྡོད་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་གྱི་ལག་ཁྱེར་གཉེར་སའི་སྐར་ཁུང་དུ་ཡོང་ནས“ཁྱེད་རང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། དམངས་ལ་བརྩེ་སེམས་བཅངས་ནས་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་མཁན”ཞེས་འཁོད་པའི་གོས་དར་ཞིག་མི་དམངས་ཉེན་རྟོག་པ་བསོད་ནམས་བདེ་སྐྱིད་ལ་སྤྲད་པ་དང་། ཁོང་གིས་ངང་རྒྱུད་རིང་པོས་རང་ཉིད་ལ་དྲ་ཐོག་ངོ་སྤྲོད་འབྲི་རྒྱུར་མཛུབ་ཁྲིད་བྱས་ནས་མཐའ་མཚམས་དོ་དམ་ཁུལ་གྱི་ལམ་ཡིག་ནུས་ལྡན་གཉེར་ཏེ་དུས་ཚོད་བརྩོན་ལེན་བྱས་པ་དང་འགྲོ་སྐྱོད་ཀྱི་མ་གནས་གྲོན་ཆུང་བྱས་པར་ཐུགས་རྗེ་ཆེ་ཞུས་པ་རེད།

ཉིང་ལག་རུ་ཁག་དེའི་ལམ་ཡིག་གཉེར་ཁང་གི་འགན་འཁུར་བ་ཉི་ཉིས་ངོ་སྤྲོད་བྱས་པར་གཞིགས་ན། 2020ལོའི་ཟླ་4པར་གྲོང་མི་མང་ཚོཌ་ཀྱིས་མཐའ་མཚམས་དོ་དམ་ཁུལ་གྱི་ལམ་ཡིག་གཉེར་བར་སྔར་བས་སྟབས་བདེ་སྐྲུན་ཆེད། ཉིང་ལག་རུ་ཁག་དེ་ལྷ་ས་གྲོང་ཁྱེར་གྱི་རིམ་གསུམ་སྲིད་དོན་ཞབས་ཞུ་ཚོམས་ཆེན་དུ་དངོས་སུ་ལས་གཉེར་བྱེད་འགོ་ཚུཌ་པ་དང་ཆབས་ཅིག ལམ་ཡིག་གཉེར་སའི་སྐར་ཁུང་སྤྱོད་འགོ་ཚུཌ་ཡོད། ལོ་མང་རིང་། ལམ་ཡིག་གཉེར་མཁན་མི་དམངས་ཉེན་རྟོག་པ་མང་པོས་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་དམིགས་ཡུལ་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས“གློད་སྡོམ་ཞབས་གསུམ”གྱི་ལས་དོན་མུ་མཐུད་གཏིང་ཟབ་སྤེལ་ཏེ། དམངས་ཕན་དམངས་བདེའི་བྱ་ཐབས་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་བཏོན་ཡོད། ད་ཆ་འགྲོ་ལུཌ་གཉེར་སྟངས་དེ་དེ་སྔའི“དྲ་ཕྱིའི་དཔང་ཡིག་འདོན་པ་དང་དྲ་ཕྱིའི་ཞིབ་དཔྱད་གཉེར་བ”ནས“དྲ་ཐོག་རེ་ཞུ་དང་། རྒྱབ་སྟེགས་སུ་ཞིབ་བཤེར། ས་གནས་ས་ཐོག་ཏུ་གཉེར་བ”

བཅས་སུ་གྱུར་པས་འགྲོ་ལུགས་གཉེར་བའི་དུས་ཚོད་ཧ་ཅང་ཐུང་དུ་ཕྱིན་པ་དང་ལས་ཕྱོད་ཆེ་རུ་ཕྱིན་ནས་སྤྱི་ཚོགས་ལས་རིགས་ཁག་གི་ཁས་ལེན་རྒྱ་ཁྱབ་དང་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།