《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月07日

ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོའི་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ།

འདི་ག་ཚགས་པར་ཁང་དུ་རྩེད་ཐང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་གསར་འགོད་པས་ལྷོ་ཁ་གྲོང་ཁྱེར་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱས་པར། རང་སྐྱོང་ལྗོངས་ཀྱིས“རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་ཧུར་ཐག་བསྐྲུན་ནས་སྐྱེ་ཁམས་ཤེས་དཔལ་འཛུཌ་སྐྱོང་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་ཧུར་ཐག་སླེབས་པར་བྱེད་པའི”འཐབ་ཇུས་བླང་བྱ་གཞིར་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལྗོངས་ཡོངས་ཀྱི་མདུན་གྲལ་དུ་སླེབས་པར་སྐུལ་འདེད་དང་ཤུགས་སྣོན་ཆེན་པོ་བརྒྱབ་པས་ཉེ་བའི་ལོ་ཤས་རིང་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོར་ཕན་འབྲས་མངོན་གསལ་དོད་པོ་ཐོན་པ་དང་། དེའི་ནང་ནས་ལྷ་སའི་ལྷོ་རི་བྱང་རིའི་སྔོ་འགྱུར(ལྷོ་ཁའི་དུམ་བུ)ལས་གྲྭའི་ནང་རིམ་རྩིས་བརྒྱབ་ན་ནགས་བཟོ་མུའུ་ཁྲི་6.3བྱས་ཡོད་པ་རེད།

2024ལོའི་ཚུན་དུ། ལྷོ་ཁ་གྲོང་ཁྱེར་གྱིས་ལྷོ་ཁའི་ཡར་ཀླུང་གཙང་པོ་རྒྱུག་ཁུལ་གྱི་རི་ཆུ་ནགས་ཞིང་མཚོ་རྩྭ་བཅས་བཅོས་སྐྱོང་གི་ཡན་ལག་རྣམ་གྲངས་91ལག་བསྟར་བྱས་པར་རིམ་རྩིས་བརྒྱབ་ན་མ་དངུལ་སྒོར་དུང་ཕྱུར་36.5བཏང་ཡོད་པ་རེད། བོད་རང་སྐྱོང་ལྗོངས་ཀྱི་མཚོ་བོད་ས་མཐོའི་ལྷོ་ནུབ་རྒྱུད་ཀྱི་ལོ་རྒྱུས་ཐོག་ལུས་པའི་བེད་མེད་གཏེར་རིའི་སྐྱེ་ཁམས་སླར་གསོའི་དཔེ་སྟོན་ལས་གྲྭས་རྒྱ་ཁྱོན་སྤྱི་ཆིང་184.3401བཅོས་སྐྱོང་བྱས་ཡོད། ལོ་འཁོར་མོར་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་ལ་མ་དངུལ་སྒོར་དུང་ཕྱུར་4.79དོན་འཁྱོལ་བྱས་ཡོད། 《ལྷོ་ཁ་གྲོང་ཁྱེར་གྱི་སྐྱེ་ཁམས་ལས་གནས་དོ་དམ་ལག་བསྟར་ཞིབ་སྲོལ》བཟོས་ནས་2024ལོར་གྲོང་ཁྱེར་ཡོངས་སུ་སྐྱེ་ཁམས་ལས་གནས་སུ་མི་28788འདེམས་སྒྲུག་བརྒྱབ་ཡོད། 2024ལོའི་དུས་ཚིགས་དང་པོ་ནས་གསུམ་པའི་བར་སྐྱེ་ཁམས་ལས་གནས་ཀྱི་མ་དངུལ་སྒོར་ཁྲི་5863ལྷག་ཙམ་སྤྲད་ཡོད་པ་རེད།