《西藏日报》 《西藏日报藏文版》 《人民日报藏文版》 《西藏商报》 《西藏法制报》 《西藏法制报藏文版》

2025年01月07日

རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

ཆབ་མདོ་གྲོང་ཁྱེར་དང་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་གྲོང་ཁྱེར་སྟོབས་ཆེན་གྱི་ཚོད་ལྟའི་གྲོང་ཁྱེར་མཉམ་དུ་བསྐྲུན་རྒྱུའི་གན་རྒྱ་བཞག་པ།

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་། རང་སྐྱོང་ལྗོངས་ཁྲོམ་ར་ལྟ་འདོམས་ཅུས(ཤེས་བྱའི་བདག་དབང་ཅུས)ཀྱིས་ཆབ་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་དང་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་གྲོང་ཁྱེར་སྟོབས་ཆེན་གྱི་ཚོད་ལྟའི་གྲོང་ཁྱེར་གྱི་འཐབ་ཇུས་མཉམ་ལས་གྲོས་མཐུན་ལ་མིང་རྟགས་འགོད་པའི་མཛད་སྒོ་འཚོགས་པ་རེད།

མིང་རྟགས་འགོད་པའི་མཛད་སྒོའི་ཐོག་ཕྱོགས་གཉིས་པོས་ཤེས་བྱའི་བདག་དབང་སྲུང་སྐྱོང་དང་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་རྒྱས་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཤེས་བྱའི་བདག་དབང་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྤྱི་འདོམས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་གཏིང་ཟབ་བྱས་ཏེ། ཆབ་མདོ་འདི་ཉིད་རྒྱལ་ཁབ་ཀྱི་ཤེས་བྱའི་བདག་དབང་གྲོང་ཁྱེར་སྟོབས་ཆེན་གྱི་ཚོད་ལྟའི་གྲོང་ཁྱེར་དུ་བསྐྲུན་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་གི་ཡིན་ཞེས་མགྲིན་གཅིག་ཏུ་བཤད་པ་རེད།

འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་ནང་འཛུགས་སྐྲུན་གྱི་དམིགས་ཚད་དང་། མཉམ་ལས་ཀྱི་ནང་དོན། ལས་ཀའི་ལམ་སྲོལ་སོགས་ཕྱོགས་བཞིའི་མཉམ་ལས་ཀྱི་ལས་འགན་ཚུད་ཡོད་པ་རེད། 2025ལོར་ཆབ་མདོ་གྲོང་ཁྱེར་གྱི་ཤེས་བྱའི་བདག་དབང་བཅོས་སྐྱོང་གི་ནུས་པ་དང་བཅོས་སྐྱོང་གི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་རྒྱུའི་བརྩོན་ལེན་བྱས་ནས། བོད་རང་སྐྱོང་ལྗོངས་ཀྱི་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ལྡན་པའི་ཤེས་བྱའི་བདག་དབང་གྲོང་ཁྱེར་སྟོབས་ཆེན་གྱི་ཚོད་ལྟའི་གྲོང་ཁྱེར་བདེ་བླག་ངང་བསྐྲུན་རྒྱུ་ཡིན་པ་རེད།