འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་མི་རིགས་ཆོས་ལུགས་རིགས་ཁོངས་ཀྱི་འཐུས་མི་གདན་དྲངས་ཏེ། ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ཐད་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད།
ཚོགས་འདུའི་ཐོག་བསྟན་དོན། མི་རིགས་ཆོས་ལུགས་རིགས་ཁོངས་ཀྱིས་མེས་རྒྱལ་གཅིག་གྱུར་དང་། མི་རིགས་མཐུན་སྒྲིལ། སྤྱི་ཚོགས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་བྱེད་པར་ལེགས་སྐྱེས་ཧ་ཅང་ཆེན་པོ་ཕུལ་ཡོད། འཐུས་མི་ཚོས་བཏོན་གནང་བའི་བསམ་འཆར་དང་གྲོས་འགོ་ཁག་ལྷག་བསམ་ཟོལ་མེད་དང་ཁ་གསལ་གོ་བདེ་ཞིག་ཡོད་པ་དེས་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་དང་ཡིད་ཆེས་ཆེན་པོ་ཡོད་པ་གང་ལེགས་མཚོན་ཡོད།
ཚོགས་འདུའི་ཐོག་ནན་བཤད་བྱས་དོན། ལྗོངས་ཡོངས་ཀྱི་མི་རིགས་ཆོས་ལུགས་རིགས་ཁོངས་ཀྱིས་ཐུན་མོང་གི་ངོས་འཛིན་གཅིག་མཐུན་དང་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་རྒྱུན་མཐུད་བཏང་སྟེ། བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་ལ་སྐུལ་འདེད་དང་ཆོས་ལུགས་ཁྱབ་ཁོངས་ཞི་མཐུན་བརྟན་ལྷིང་ཡོང་བར་བྱས་རྗེས་གསར་པ་འཇོག་རྒྱུའི་རེ་བ་ཡོད།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཞི་རིམ་མང་ཚོགས་འཐུས་མི་གདན་དྲངས་ནས་ད་ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད།
ཚོགས་འདུའི་ཐོག་ཚོགས་ཞུགས་འཐུས་མི་ཚོས་བོད་རྒྱ་སྐད་གཉིས་ཀྱི་སྙན་སྒྲོན་ལ་གྲོས་ཞིབ་ནན་ཏན་བྱས་ནས། གྲོང་ཚོ་དང་སྡེ་ཁུལ་དང་འཐབ་ས་དང་པོའི་དོན་དངོས་ལ་གཞིགས་ཏེ་འགྱུར་ལྡོག་དང་ཐོན་སྐྱེད་སྐོར་གླེང་བ་དང་། གཏམ་བཤད་ལྷུག་པོར་གླེང་བ། ཐབས་འདོན་ཇུས་འགོད་བྱས་ཤིང་། ཚང་མས་2024ལོའི“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་བཀྲག་མདངས་འཚེར་ས་མང་བས། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་དངོས་འབྲེལ་ཆེ་རུ་ཕྱིན་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནང་། 2025ལོའི་ལས་དོན་གྱི་འཆར་འགོད་ནི་དམངས་འཚོར་སྣང་ཆེན་དང་བྱེད་ཐབས་ཏན་ཏིག་ཡིན་པས་མི་རྣམས་ལ་སྐུལ་མ་ཐེབས་དགོས་པ་ཞིག་ཡོད། ཚང་མས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག ནུས་སེམས་གཅིག་སྒྲིལ་དང་འབད་བརྩོན་ཧུར་ཐག་བྱས་ནས་འཚོ་བ་སྔར་བས་ཕུན་སུམ་ཚོགས་པོ་ཡོང་བར་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།