འདི་ག་ཚཌ་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ད་ལོར་བོད་སྡོད་དམག་དཔུང་གི་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མི་3000ལྷག་ཙམ་གྱིས་གཞུང་གི་ལས་ཞབས་པར་མིང་འགོད་རྒྱུཌ་སྤྲོད་བྱས་པ་དང་། དམག་ཞབས་ཐིམ་པའི་དམག་མི་300ལྷག་ཙམ་གཞུང་གི་ལས་ཞབས་པར་འགྱུར་ཡོད་པ་རེད།
བོད་དམག་ཁུལ་ཁང་གིས་རང་སྐྱོང་ལྗོངས་ཏང་ཨུད་རྩ་འཛུགས་པུའུ་ལ་གཞོགས་འདེགས་བྱས་ཏེ“མིང་ཐོ་འགོད་པ་དང་། ཐོབ་ཐང་ལ་ཐོག་མའི་ཞིབ་དཔྱད། ཡིག་རྒྱུགས། གཟུགས་པོར་བརྟག་དཔྱད་དང་རྟོག་ཞིབ། ཐོབ་ཐང་བསྐྱར་ཞིབ། ལས་གནས་གདམ་ག ཡོངས་བསྒྲགས་དང་མངག་གཏོང”སོགས་ཀྱི་གོ་རིམ་གཅིག་འགྱུར་ཐོག་སྤྱད་ཅིང་། མཐར་བསྡུ་རྩིས་ཡོད་པའི་མི་300ལྷག་ཙམ་སྤྱིའི་སྦྱངས་འབྲས་ཀྱི་རིམ་པ་གཞིར་བཟུང་ནས་ལས་གནས་གདམ་གའི་ནང་ཞུགས་པ་རེད། གོམ་སྟབས་རྗེས་མར་དངོས་སུ་བསྡུས་པའི་མི་ཚང་མ་ཤང་དང་གྲོང་རྡལ་དུ་ལས་ཀར་མངག་རྒྱུ་རེད་ལ། བོད་ལྗོངས་ཀྱི་མཐའ་མཚམས་དང་། ས་མཚམས་ཀྱི་ཤང་དང་གྲོང་རྡལ། སྤྱི་ཚོགས་ཀྱི་གནས་ཚུལ་རྙོག་འཛིང་ཆེ་བའམ་ཡང་ན་ཐག་རིང་ལུང་ཁུག་གི་ཤང་དང་གྲོང་རྡལ་གཙོ་བོར་གཏོང་རྒྱུ་རེད། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་འགན་ལེན་ནུས་ལྡན་བྱེད་པ་དང་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོངས་མུ་མཐུད་རྒྱུན་འཛིན་བྱས་ཏེ་བླ་ན་མེད་པའི་རྒྱལ་ཁོངས་སྲུང་མཁན་ཞིག་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བྱེད་རྒྱུ་རེད།