འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། ལུའུ་ཆེ་གེ་མོ་ནི་ཁེར་རྐྱང་བཟོ་ཚོང་བ་ཞིག་ཡིན་ཞིང་། ཉིང་ཁྲི་གྲོང་ཁྱེར་དུ་མཛེས་བཟོའི་ཤིང་ལེབ་འཚོང་བཞིན་ཡོད། ཉེ་ཆར་མཉམ་ལས་བྱ་ཡུལ་གྱིས་ལུའུ་ཆེ་གེ་མོར་རྒྱུ་ཆའི་གྲོན་དངུལ་སྒོར་ཁྲི་5ལྷག་ཙམ་ཆད་པ་ཐེངས་མང་འདེད་ཀྱང་རག་མེད། ཐབས་ཟད་པའི་ལུའུ་ཆེ་གེ་མོས་ཚོད་ལྟ་བྱེད་སྙམ་བཞིན་བྲག་ཡིབ་ཆུས་ཀྱི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་སུ་ཡོང་། བསམ་ཡུལ་ལས་འདས་པ་ཞིག་ལ་འདུམ་འགྲིག་པའི་རོགས་རམ་འོག་གནད་དོན་དེ་ཐག་གཅོད་བྱེད་པའི་བརྒྱུད་རིམ་དུ་སླེབས།
གྲོང་མི་ལི་ཧུའེ་ལ་ཡང་དཀའ་ངལ་དེ་རིགས་འཕྲད་ནས་བོགས་དངུལ་ཡུན་རིང་རག་མེད། བྲག་ཡིབ་ཆུས་ཀྱི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱི་ལས་དོན་པས་གནས་ཚུལ་གྱི་རྒྱུ་རྐྱེན་ཤེས་རྟོགས་བྱུང་རྗེས། འཕྲལ་མར་འགྱངས་ཆད་བྱེད་མཁན་ཕྱོགས་དང་འབྲེལ་བ་བྱས་ཏེ། དོན་དངོས་གནས་ཚུལ་ཤེས་རྟོགས་དང་བརྟག་དཔྱད་དཔང་ལེན་བྱས་པ་རེད། ཉིན་བཅུ་ལྷག་ཙམ་མཐུན་སྦྱོར་བྱས་པ་བརྒྱུད། ཕ་རོལ་པོས་བོཌ་དངུལ་སྤྲོད་རྒྱུའི་ཁས་བླངས་པ་དང་ཉིན་ཤས་གོང་ལི་ཧུའེ་ལ་ཆད་དངུལ་བདེ་བླག་ངང་རག་པ་རེད།
2023ལོའི་ཟླ་7ཚེས་15ཉིན་འཁོར་སྐྱོད་བྱས་ཚུན། ལྟེ་གནས་དེས་འདུམ་འགྲིག་ཁྲུན་གཅོད་སྒྲིག་གཞིའི་འགན་ནུས་ཀྱི་ལེགས་ཆ་གང་ལེགས་བཏོན་ཏེ། འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་གི་ཐོན་ཁུངས་དང་སྟོབས་ཤུགས་ལ་སྤྱི་འདོམས་ཀྱིས་མང་ཚོགས་ཀྱི་རེ་ཞུའི“གཅིག་འཐུས་རྣམ་པའི་བདག་སྤྲོད་དང་། འདུམ་འགྲིག་སྡེབ་གཅིག་ཏུ་བྱེད་པ། འཁོར་འབྲེལ་ཧྲིལ་པོའི་ཐག་གཅོད”བཅས་ལ་སྐུལ་འདེད་བཏང་ནས་གཏུག་བཤེར་མ་བྱས་གོང་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་གདེང་འཇོག་ཡག་པོ་ཐོབ་ཡོད།
ལྟེ་གནས་བཙུགས་ཚུན་གཞི་རིམ་གྱི་རྩ་འཛུགས་མ་ལག་དང་། བཅོས་སྐྱོང་མ་ལག ཞབས་ཞུའི་མ་ལག་བཅས་ནུས་ཤུགས་ཡོད་རྒུས་བསྐྲུན་པ་དང་། དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”མཐའ་འཁྱོངས་དང་འཕེལ་རྒྱས་གཏོང་བ། ཐོན་ཁུངས་བཟང་སྒྲིག་དང་བསྡུ་སྒྲིལ་བཅས་བྱས་ནས་དུས་བབ་གསར་པའི་འདུམ་འགྲིག་ལས་དོན་གྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ལྟེ་གནས་ཀྱི་འདུམ་འགྲིག་པས“རྒྱུས་མངའ་ཡོད་པ་དང་། ཧུར་སེམས་ཆེ་བ། བཅའ་ཁྲིམས་ཁྱབ་གདལ། སྔོན་འགོག སྟབས་བསྟུན། འཚམས་ལན”བཅས་ཀྱི་ལས་དོན་སྤེལ་སྟངས་ཀྱང་འཚོལ་ཞིབ་བྱས་ཏེ། འགལ་ཟླ་དང་རྩོད་གཞི་གཞི་རིམ་དུ་ཐག་གཅོད་དང་མ་ཐོན་གོང་ནས་སྔོན་འགོག་བྱས་ནས་གཞི་རིམ་གྱི་བཅོས་སྐྱོང་ཆུ་ཚད་རྒྱུན་མཐུད་མཐོར་གཏོང་དང་། བྲག་ཡིབ་ཆུས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་སྒོ་དབྱེའི་སྔོན་སྤེལ་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་ལ་འགན་ལེན་ནུས་ལྡན་བྱས་ཡོད།
བྲག་ཡིབ་ཆུས་ཁྲིམས་འཛིན་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཤུས་ཀྱིས། གོམ་སྟབས་རྗེས་མར་བྲག་ཡིབ་ཆུས་ཀྱི“གཅིག་འཐུས་རྣམ་པའི”འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ལྟེ་གནས་ཀྱིས་འགལ་ཟླ་དང་རྩོད་གཞི་སྔོན་འགོག་དང་སེལ་བའི་ཁྲོད་ཀྱི་མི་དམངས་འདུམ་འགྲིག་གི་ནུས་པ་མུ་མཐུད་འདོན་སྤེལ་བྱེད་པ་དང་། བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི“ཧྥེང་ཆའོ་ཡི་ཉམས་མྱོང”ལག་ལེན་དང་འཕེལ་རྒྱས་གཏོང་བ། འགལ་ཟླ་དང་རྩོད་གཞི་སྣ་ཚོགས་འབྱུང་རྩ་ནས་སྔོན་འགོག་དང་། འབྱུང་རྩ་ནས་སེལ་བ། གཞི་རིམ་དུ་ཐག་གཅོད་བཅས་བྱས་ནས་ཉེན་ཁ་ཚབས་ཆེན་འགོག་ཟོན་དང་སེལ་བ་དང་། སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་ལ་སྲུང་སྐྱོང་། མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་འགན་ལེན་བཅས་བྱེད་པར་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།