འདི་ག་ཚགས་པར་ཁང་དུ་རྩྭ་མདའ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར་རྩྭ་མདའ་རྫོང་ཁྲལ་དོན་ཅུས་ཀྱིས་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་གཙོ་གཉེར་བྱས་པའི“གྲངས་འཛིན་ཚོང་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་ལོ་ལེགས་ལ་རྟེན་འབྲེལ་ཞུ་བ”དང་ཁྱད་ལྡན་ཞིང་ལས་ཐོན་རྫས་ཀྱི་ཚོང་འདུས་གོ་སྐབས་སུ་བྱས་ནས“གུ་གེའི་རིག་ལྡན་ཁྲལ་དོན”གྱི་ཁྲལ་དོན་དྲིལ་བསྒྲགས་ཞབས་ཞུའི་རུ་ཁག་འཛུགས་པ་དང་། “ཁྲལ་དོན་ཞིང་ཕན་གྱིས་མཐའ་དར་དམངས་ཕྱུག་ལ་རམ་འདེགས་བྱེད་པ”བརྗོད་དོན་གཙོ་བོར་བྱས་ནས་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ། ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་ལ་དམིགས་པ། སྲིད་ཇུས་ལ་གཞིགས་ནས་མི་འཚོལ་བ་དང་ཁྱིམ་དུ་ཞབས་འདེགས་ཞུ་བ། ཁྲལ་དོན་གྱི་དམངས་ཕན་སྲིད་ཇུས་ཞིང་དུད་དང་ཁེ་ལས་ཚང་མར་གནད་སྨིན་ཁྱབ་པ་བཅས་བྱས་ཏེ། གྲོང་གསེབ་དར་རྒྱས་ཆེད་ཁྲལ་དོན་གྱི་སྟོབས་ཤུགས་ལེགས་སྐྱེས་ཕུལ་ཡོད།
(ཚེ་རིང་བུ་ཁྲིད་ཀྱིས་བསྒྱུར། བདེ་སྐྱིད་དབང་མོས་ཞུས)