དམངས་ཡོངས་ཀྱི་བཅའ་ཁྲིམས་ཁྱབ་གདལ་ནི་ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་སྐྱོང་གི་ཡུན་རིང་གི་རྨང་གཞིའི་རང་བཞིན་གྱི་ལས་དོན་ཞིག་རེད། ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱིས“ལོ་ལྔ་ཚན་བརྒྱད་པའི”བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་དང་ཁྲིམས་སྐྱོང་རྡོ་ཐ་འཛུགས་སྐྱོང་གི་ལས་འགན་ཁག་དོན་འཁྱོལ་ནན་ཏན་བྱས་ཏེ། “སུས་ཁྲིམས་སྒྱུར་བྱས་ན་དེས་བཅའ་ཁྲིམས་ཁྱབ་གདལ་གཏོང་བའི”བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དམ་འཛིན་བྱེད་པ་དང་། ཁྲིམས་སྐྱོང་གི་དགོངས་དོན་དར་སྤེལ་གཏོང་བ། ཁྲིམས་སྐྱོང་གི་འདུ་ཤེས་སྐྱེད་སྲིང་བྱེད་པ། ཁྲིམས་སྐྱོང་གི་ལག་ལེན་ལ་སྐུལ་འདེད་གཏོང་བ་བཅས་མཐའ་འཁྱོངས་ཀྱིས་ལས་ཀའི་བྱེད་ཐབས་གསར་གཏོད་དང་བཅའ་ཁྲིམས་ཁྱབ་གདལ་གྱི་ནང་དོན་ཕུན་སུམ་ཚོགས་སུ་བཏང་བས་བཅའ་ཁྲིམས་ཁྱབ་གདལ་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།
འགན་འཁྲིར་ཤུགས་སྣོན་བརྒྱབ་ནས་འཁོར་རྒྱུག་རྣམ་པའི་བཅའ་ཁྲིམས་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་པ།
ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་སློབ་སྦྱོང་བྱེད་རྒྱུ་དེ་ཁྲིམས་སྐྱོང་རྡོ་ཐ་འཛུགས་སྐྱོང་གི་ཕྱོགས་ཁག་གི་བརྒྱུད་རིམ་ཧྲིལ་པོར་ལག་བསྟར་དོན་འཁྱོལ་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་ལས་དོན་གལ་ཆེན་དང་གནད་དོན་གལ་ཆེན་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ཀྱི་ཏང་ཨུད(གཤམ་དུ་ཏང་ཨུད་ཅེས་བསྡུ་རྒྱུ)ཀྱིས་མཉམ་སྡེབ་ཐབས་ཇུས་འགོད་པ་དང་། སྣེ་ཁྲིད་དེ་སློབ་སྦྱོང་དང་ཞིབ་འཇུག་བྱེད་པ། ཁྲིམས་སྐྱོང་འཛུགས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཁྲིམས་ལྟར་སྲིད་འཛིན་ལས་དོན་དེ་ལོ་ཧྲིལ་པོའི་གཙོ་གནད་ལས་དོན་ནང་བཞག་སྟེ་གནད་དོན་གལ་ཆེན་དུས་ཐོག་ཏུ་ཐག་གཅོད་བྱས་ཡོད།
འགོ་ཁྲིད་ལས་བྱེད་པའི“འགག་རྩའི་ཉུང་ཤས”ལ་དམ་འཛིན་ནན་པོ་བྱ་ཆེད། ཏང་ཨུད་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་གཅིག་སྡུད་སློབ་སྦྱོང་གི་བརྒྱུད་རིམ་ཁྲོད་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ཆེད་དོན་སློབ་སྦྱོང་དང་བགྲོ་གླེང་བྱས་པ་དང་། བཅའ་ཁྲིམས་རིགས་གཅིག་མཁས་ཅན་གདན་དྲངས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཆེད་དོན་སློབ་ཚན་ཁྲིད་ཡོད། ལག་ལེན་ཁྲོད་ཀུང་སིའི་ཁྲིམས་རྩོད་པའི་ནུས་པ་གང་ལེགས་འདོན་པ་དང་། སྲིད་འཛིན་ཐབས་ཇུས་གལ་ཆེན་གྱི་རིག་པའི་ཁུངས་སྐྱེལ་ནང་ཞུགས་པ། ཞིབ་ཕྲའི་སྲིད་འཛིན་བྱ་སྤྱོད་ཐད་བཅའ་ཁྲིམས་ཀྱི་བསམ་འཆར་འདོན་པ། ཁྲིམས་ལྟར་སྲིད་འཛིན་དང་། ཁྲིམས་ལྟར་དོ་དམ། ཁྲིམས་ལྟར་ཐོན་སྐྱེད་གཉེར་སྐྱོང་བཅས་གཞི་གཅིག་ཅན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྗོངས་ཡོངས་ཀྱི་ཁོངས་གཏོགས་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་ཁྲིམས་སྐྱོང་གི་འགན་ལེན་བརྟན་པོ་མཁོ་འདོན་བྱས་ཡོད།
བྱེད་ཐབས་གསར་གཏོད་བྱས་ནས་དམིགས་འཛུགས་ཀྱི་བཅའ་ཁྲིམས་ཁྱབ་གདལ་བཏང་བ།
ལས་བཟོ་མང་ཚོགས་ལ་མཁོ་བའི་བཅའ་ཁྲིམས་ཀྱི་དགོས་མཁོར་དམིགས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་འགན་འཁྲིའི་ལམ་ལུགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ལས་བྱེད་ལས་བཟོ་དང་། གཞི་རིམ་གྱི་མང་ཚོགས། སིལ་འཚོང་ཚོང་པ་སོགས་ཚོགས་སྤྱི་མི་འདྲ་བར་གཞིགས་ནས་སྲིད་ཇུས་ལག་བསྟར་དང་རིགས་དབྱེ་ནས་བཅའ་ཁྲིམས་ཁྱབ་གདལ་བཏང་སྟེ“དོན་དག་འཕྲད་སྐབས་ཁྲིམས་ལ་བརྟེན་པ་དང་། དོན་དག་ཁྲིམས་ལྟར་སྒྲུབ་པ། དོན་དག་ཐག་གཅོད་བྱེད་སྐབས་ཁྲིམས་སྤྱོད་པ། འགལ་ཟླ་ཐག་གཅོད་བྱེད་སྐབས་ཁྲིམས་ལ་བརྟེན་པ”བཅས་ཀྱི་ཁྲིམས་སྐྱོང་གི་རྣམ་པ་བཟང་པོ་ཆགས་པར་སྐུལ་འདེད་བཏང་ཡོད།
བཅའ་ཁྲིམས་ཁྱབ་གདལ་གྱི་བྱེད་ཐབས་གསར་གཏོད་བྱས་ཏེ་གྲངས་འཛིན་སྨྱན་སྦྱོར་ནས་བཅའ་ཁྲིམས་ཁྱབ་གདལ་ལ་སྐུལ་འདེད་གཏོང་བ་དང་། “གངས་ལྗོངས་ཀྱི་ཉི་འོད། བཅའ་ཁྲིམས་མཉམ་སྤེལ”གྱི་ཆེད་སྒྲིག་ལེ་ཚན་བཏོད་པ། བཅའ་ཁྲིམས་ཁྱབ་གདལ་གྱི་འགུལ་རྣམ་དང་ཁྲིམས་སྐྱོང་ཆ་འཕྲིན་རྒྱ་ཁྱབ་ངང་ཡོངས་བསྒྲགས། སྐད་འཕྲིན་སྤྱི་རྟགས་ལ་བརྟེན་ནས་དུས་བཀག་ལྟར་བཅའ་ཁྲིམས་ཤེས་བྱ་དྲིལ་བསྒྲགས། བཅའ་ཁྲིམས་དྲིལ་བསྒྲགས་ཀྱི་གཡུལ་ས་ཧུར་ཐག་བཏོད་པ་བཅས་བྱས་ནས། བཅའ་ཁྲིམས་ཁྱབ་གདལ་གྱི་རྣམ་པ་ཟམ་མི་ཆད་པར་འཁྲུག་ཏུ་བཏང་ཡོད།
ན་སོ་དར་ལ་མ་བབས་པའི་མི་སྐྱོན་བྲལ་ངང་འཚར་ལོངས་ཡོང་ཆེད། སློབ་གྲྭ་འབྲིང་ཆུང་དུ“སློབ་གྲྭར་སློབ་མ་བདེ་ཐང་ངང་འཚར་ལོངས་ཡོང་བར་བྱེད་པའི”བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས། ན་སོ་དར་ལ་མ་བབས་པའི་མིར་ཐ་མག་གི་གནོད་འཚེ་མི་ཕོག་པ་བྱས་ཏེ་ཁོང་ཚོའི་ལུས་ཁམས་བདེ་ཐང་སྲུང་སྐྱོང་བྱས་ཡོད།
བྱེད་ཐབས་སྣུར་སྲིང་བྱས་ནས་བཅའ་ཁྲིམས་ཁྱབ་གདལ་གྱི་ཁྱབ་རྒྱ་ཆེ་རུ་བཏང་བ།
བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཐད་བཅའ་ཁྲིམས་ཤེས་བྱ་ཁྱབ་གདལ་གཏོང་དགོས་པ་མ་ཟད། མང་ཚོགས་ཀྱིས་ཁྲིམས་ལ་བརྟེན་ནས་གནད་དོན་དངོས་ཐག་གཅོད་བྱེད་པའི་འདུ་ཤེས་དང་ནུས་པ་ཆེ་རུ་གཏོང་བར་ཁྲིད་སྟོན་བྱེད་དགོས་པས། རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས(ཀུང་སི)ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དང་། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་། གཞིས་རྩེ་གྲོང་ཁྱེར་གྲོ་མོ་རྫོང་སོགས་སུ་བསྐྱོད་དེ་གསར་གཏོད་རང་བཞིན་ངང“གངས་ལྗོངས་ཀྱི་ཉི་འོད། བཅའ་ཁྲིམས་མཐའ་མཚམས་སུ་དྲིལ་བསྒྲགས་བྱེད་པའི་བྱ་སྤྱོད”ཀྱི་ཞབས་འདེགས་ལས་དོན་སྤེལ་ནས། གྲོང་མིའི་བུ་ལོན་དང་ཁྱིམ་ཚང་གི་རྩོད་གཞི་སོགས་ལ་དམིགས་ཏེ་བཅའ་ཁྲིམས་སྤྱད་ནས་ཐག་གཅོད་དང་ཁ་ཏ་བསླབ་བྱ་བྱས་པ་མ་ཟད། བཅའ་ཁྲིམས་ཁྱབ་གདལ་གྱིས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་སྤྱི་ལེ་གཅིག”གི་ལས་དོན་ཏན་ཏིག་བསྒྲུབས་ཏེ། བཅའ་ཁྲིམས་ཁྱབ་གདལ་ལས་དོན་ཕྱོགས་ཡོངས་ལ་ཁྱབ་པར་སྐུལ་འདེད་བཏང་ཡོད།
(པ་སངས་དང་ཚེ་ཁོས་སྒྱུར་ཞུས་བྱས)