པར①ནི་སྨི་4×100ཡི་མེ་ཟོན་མཐུད་རྒྱུག་འགྲན་བསྡུར་བྱེད་བཞིན་པ།
པར②ནི་འགག་སྒྲོལ་གྱི་བྱང་རྩལ་འགྲན་བསྡུར་བྱེད་བཞིན་པ།
པར③ནི་འགོ་ཚུགས་མཛད་སྒོ་འཚོགས་ཡུལ་ཡིན་པ།
འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། བོད་ལྗོངས་མེ་ཟོན་རོགས་སྐྱོབ་སྤྱི་ཁྱབ་རུ་ཁག་གི“གངས་ལྗོངས་མེ་ཟོན། ཇོ་མོ་གླང་མར་འགྲན་བསྡུར”ཞེས་པའི་དངོས་འཐབ་སྦྱོང་བརྡར་ཆེན་པོའི་རྩལ་འགྲན་སྐབས་གཉིས་པ་ལྷ་སར་མཇུག་འགྲིལ་བ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་རྩལ་འགྲན་དུས་ཡུན་ཉིན་4ཡིན་པ་དང་། རིགས་ཆེན་པོ་3གྱི་འགྲན་བསྡུར་རྣམ་གྲངས་14ཡོད་པར་གྲོང་ཁྱེར་དང་ས་ཁུལ་བདུན་ནས་ཡོང་བའི་འཐུས་མིའི་རུ་ཁག་9དང་རུ་མི་306ཞུགས་ཡོད། འགྲན་བསྡུར་འཁྲུག་པོ་བྱས་མཐར་ལྷ་སའི་ཡན་ལག་རུ་ཁག་གཉིས་པ་དང་། དང་པོ། གཞིས་རྩེའི་ཡན་ལག་རུ་ཁག་གཉིས་པ་བཅས་སོ་སོར་ཚོགས་པའི་འགྲན་བསྡུར་ཨང་དང་པོ་ནས་ཨང་གསུམ་པ་ཐོབ་ཅིང་། དཔལ་ལྡན་དང་། ཆོས་དཀོན། བློ་བཟང་འགྱུར་མེད། ཁྲེན་ཝང་ཐའོ། བསྟན་འཛིན་གྲགས་པ། ཏེ་ཁྲང་ཅེ་བཅས་བློ་མཐུན་6ལ་དམག་མི་རྐྱང་པའི་རྣམ་གྲངས་སོ་སོའི་ཨང་དང་པོ་ཐོབ་པ་དང་། ལྷོ་ཁའི་ཡན་ལག་རུ་ཁག་ལ་ཕུལ་བྱུང་གི་སྒྲིག་འཛུགས་བྱ་དགའ་ཐོབ་སྟེ་སྦྱོང་བརྡར་གྱི་གྲུབ་འབྲས་དང་ཕུལ་བྱུང་གི་སྒྲིག་ལམ་སྤྱོད་ཚུལ་ཕྱོགས་ཡོངས་ནས་མངོན་ཐུབ་པ་རེད།